ཆུ་ཤུར་རྫོང་གནམ་ཤང་གིས།
འཕྲལ་སྡོམ་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་ཀྱི་འཆད་ཁྲིད་བྱས་པ།
ཉེ་ཆར། ཆུ་ཤུར་རྫོང་གནམ་ཤང་གིས་2026ལོའི་འཕྲལ་སྡོམ་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་འཆད་ཁྲིད་བྱས་ཤིང་། ཤང་ཡོངས་ཀྱི་དུད་སྦྲེལ་འཐུས་མི་དང་། ཆེད་ལས་དྲ་མིག་པ། ཚལ་ཞིང་ཁེ་ལས་ཀྱི་འགན་འཁུར་བ། གྲོང་ཚོ་ཁག་གི་འཕྲལ་སྡོམ་ལས་དོན་པ་བཅས་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།
གསོ་སྦྱོང་བྱ་ཡུལ་དུ་དྲིལ་བསྒྲགས་པས་མེ་སྐྱོན་སྔོན་འགོག་དང་། འཕྲལ་སྡོམ་རང་སྐྱོབ་དང་སྲོག་ཉེན་ལས་ཐར་ཐབས། མེ་ཟོན་ཡོ་བྱད་ཚད་ལྡན་སྤྱོད་སྟངས་སོགས་ཀྱི་ལྟེ་བའི་ནང་དོན་ལ་དམིགས་ནས་འགྲེལ་བཤད་བརྒྱབ་པ་དང་། ཉེ་འགྲམ་གྱི་གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ཏེ། ནམ་ཞག་རྒྱུན་དུ་མེ་དང་གློག་བདེ་འཇགས་ངང་སྤྱོད་སྟངས་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་སྟངས་སོགས་སྤྱོད་གོ་ཆོད་པའི་ཤེས་བྱ་ཁྱབ་གདལ་ཧུར་ཐག་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།