དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དགེ་རྒྱས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    འདི་ནི་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་བས་དམིགས་བསལ་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར། མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གིས་ད་ལོའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་མ་བྱས་གོང་དུ་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་ཤིང་། བྱ་ཐབས་ནན་པོ་དང་ཞིབ་ཚགས་ཏན་ཏིག་ལ་བརྟེན་ནས་ཉེན་ཁ་གྲལ་བཤེར་དང་མངོན་མེད་རྐྱེན་ངན་བསལ་ཏེ། རྫོང་ཡོངས་ཀྱི་ཁེ་ལས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གོ་རིམ་ལྡན་པ་ཡོང་བར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞིབ་བཤེར་གྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་མཚམས་ཚིགས་ལ་དམ་པོར་དམིགས་ཏེ། ཁེ་ལས་དང་། སོལ་རླངས་བླུགས་ས། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་གཙོ་གནད་ཁུལ་གྱི་ཁྲོ་ཐབ་དང་། གནོན་ཤུགས་སྣོད་ཆས། གནོན་ཤུགས་མདོང་ལམ། གློག་སྐས་སོགས་ཉེན་ཆེའི་སྒྲིག་ཆས་ཀྱི་བདེ་འཇགས་གནས་ཚུལ་དང་། མི་སྣའི་འོས་ཐོབ་ལ་དོ་དམ། ལམ་ལུགས་དང་འགན་འཁྲི་དོན་འཁྱོལ། མངོན་མེད་རྐྱེན་ངན་གདུབ་ཟུམ་བཅོས་སྒྲིག འཕྲལ་སྡོམ་འགན་ལེན་བཅས་ཀྱི“ནང་དོན་ཁག་ལྔ”ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། “དཔྱད་ཡིག་ལ་ལྟ་བ་དང་། ས་ཡུལ་དངོས་སུ་བརྟག་དཔྱད་བྱེད་པ། སྒྲིག་ཆས་བཤེར་བ། མི་གཞན་ལ་སྐད་ཆ་དྲི་བ”བཅས་ཀྱི་བྱེད་ཐབས་བརྒྱུད། དགེ་རྒྱས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལེབ་བཤེར་རྣམ་པ་དང་ཁྱོན་ཡོངས་ལ་ཁྱབ་པའི་གྲལ་བཤེར་བྱས་པ་རེད། ད་ཐེངས་ཁྱོན་དམིགས་བསལ་སྒྲིག་ཆས་སྤྱོད་མཁན་ཚན་པ་ཁག་10ལ་ཞིབ་བཤེར་བྱས་པར། གཙོ་གནད་ཚན་པ་ཚང་མར་ཞིབ་བཤེར་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།