དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་ཁོངས་ཧྲིལ་པོར་ས་གཙང་དར་སྤེལ་བཏང་། གནའ་གྲོང་ལྷ་ས་དེ་བས་མཛེས་སྡུག་ལྡན།

    ——ལྷ་ས་གྲོང་ཁྱེར་གྱིས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ས་ཁོངས་ཧྲིལ་པོ་མཉམ་འགུལ་དང་རིམ་པ་མང་པོ་དང་མཐུན་སྦྱོར་བྱས་ཏེ། “སྙིགས་མེད་གྲོང་ཁྱེར”གྱི་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་གཏིང་ཟབ་བྱས་ནས། ལྗང་མདོག་ཐཱན་ཉུང་གི་འདུ་ཤེས་གངས་ལྗོངས་ས་མཐོའི་གང་སར་ཁྱབ་པར་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྗང་མདོག་གི་སྒུལ་ཤུགས་ཆེན་པོ་བསྣན་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན་དྲིལ་བསྒྲགས་བྱེད་སྒོ་ཐེངས་10ལྷག་ཙམ་སྤེལ་བ་དང་དྲིལ་བསྒྲགས་དཔྱད་ཡིག་1000ལྷག་ཙམ་སྤྲད་པ་དག་ཁེ་ལས་དང་། སྡེ་ཁུལ། སློབ་གྲྭ དགོན་སྡེ་སོགས་ཁྱབ་ཁོངས་མང་པོར་ཁྱབ་ནས“སྙིགས་མེད”ཀྱི་འདུ་ཤེས་ལྷ་སའི་གྲོང་མིའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་རིམ་བཞིན་འགྱུར་བར་བྱས་ཡོད།

    སྣེ་ཁྲིད་ཚན་པ་ཡིན་པའི་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དང་ལྷ་ས་གྲོང་ཁྱེར་གྱི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་གནས་ཚད་མཐོ་པོས་སྤྱི་འདོམས་དང་དཔེ་སྟོན་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁེ་ལས་སུ་སྔོན་ལ་བསྐྱོད་ནས་སྲིད་ཇུས་སྒྲོག་འགྲེལ་དང་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད། ལས་དོན་པས་ཟོག་སྙིགས་འབྱུང་རྩ་ནས་ཉུང་གཏོང་དང་། ཐོན་ཁུངས་ཅན་གྱི་བེད་སྤྱོད། གནོད་མེད་ཅན་གྱི་ཐག་གཅོད་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ནང་དོན་དང་། སྲིད་ཇུས་ཀྱི་བླང་བྱ། ལག་ལེན་གྱི་ཐབས་ལམ་བཅས་ལ་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་རེད།

    ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་དང་། ཕན་ཚུན་མཉམ་འགུལ་གྱིས་དོགས་དྲིར་ལན་འདེབས་པ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཁེ་ལས་ཀྱི་ལས་མིར་ལྗང་མདོག་ཐོན་སྐྱེད་སྐོར་གྱི་ཤེས་བྱ་ཁྱབ་གདལ་དང་། འབྱུང་རྩ་ནས་ཟོགས་རོ་ཉུང་གཏོང་དང་འཁོར་རྒྱུག་བེད་སྤྱོད་དར་སྤེལ་བཏང་སྟེ། ཁེ་ལས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་རམ་འདེགས་བྱས་ཡོད།

    ལྷ་ས་གྲོང་ཁྱེར་གྱི་སྤྱི་འདོམས་འོག རྫོང(ཆུས)ཁག་དང་བྱེད་ནུས་གླིང་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་དང་དམིགས་སར་ཤུགས་བརྒྱབ་ནས་ཐོན་སྐྱེད་དང་འཚོ་བའི་ལྷུ་ཚིགས་གང་སར“སྙིགས་མེད”འདུ་ཤེས་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ཡོད།

    ཁྲེང་ཀོན་ཆུས་ཀྱིས་སྨན་བཅོས་སྙིགས་རོར་དོ་དམ་ཚད་ལྡན་བྱེད་པར་དམིགས་ཏེ། ཁོངས་གཏོགས་ཁུལ་གྱི་སྨན་བཅོས་སྒྲིག་གཞི་སྒྲིག་འཛུགས་ཀྱིས་ཆེད་དོན་གསོ་སྦྱོང་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་ཐག་གཅོད་ཚད་ལྡན་དང་། སྤོ་སྒྱུར་མཉམ་འབྲེལ་ལམ་ལུགས་དང“སྙིགས་མེད་ཕྲ་ཕུང”འཛུགས་སྐྲུན་གྱི་ཚད་གཞི་འགྲེལ་བཤད་བརྒྱབ་ནས་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་བཏང་སྟེ། སྤྱི་པའི་འཕྲོད་བསྟེན་དང་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་གཉིས་ཀ་བརྟན་དུ་བཏང་ཡོད་པ་རེད།

    ཆུ་ཤུར་རྫོང་དང་ལྷུན་གྲུབ་རྫོང་གིས“སྐད་གཉིས” སྒྲོག་འགྲེལ་དང་ཁྲིམས་སྒྱུར་ཞིབ་བཤེར་ཟུང་འབྲེལ་བྱས་ཏེ་གཙོ་གནད་ཁེ་ལས་སུ་ཟོག་སྙིགས་ཁྲིམས་སྲོལ་འགྲེལ་བཤད་གང་ལེགས་བརྒྱབ་ནས། རིགས་དབྱེ་དང་། གསོག་ཉར། ཐག་གཅོད་བཅས་བྱེད་སྟངས་དམར་ཁྲིད་བྱས་ཏེ་ཁེ་ལས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་རེད།

    “སྙིགས་མེད་གྲོང་ཁྱེར”སྐྲུན་འགོ་ཚུགས་ཚུན། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་པ་དང་གཙང་སེལ་བྱེད་ཚད་95%ཡན་བར་མཐོ་རུ་ཕྱིན་ནས“ས་སྦས་གཏན་ནས་མི་གཏོང་བའི”དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་། ཐོན་ཁུངས་ཅན་བེད་སྤྱོད་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། “སྙིགས་མེད་ལས་ཁུངས”དང་། “སྙིགས་མེད་སློབ་གྲྭ” “སྙིགས་མེད་དགོན་སྡེ”སོགས“སྙིགས་མེད་ཕྲ་ཕུང”ཁག་510བསྐྲུན་ཏེ་སྤྱོད་འགོ་ཚུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།