མངའ་རིས་ས་ཁུལ་སྤུ་ཧྲེང་མཐའ་མཚམས་མངགས་གཏོང་ཁང་གིས།
ཁྲིམས་ལུགས་ཤེས་བྱ་སློབ་གྲྭར་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།
ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་སྟོད་ཡུལ་གྲོང་ཚོའི་སློབ་ཆུང་དུ་བསྐྱོད་དེ་ཁྲིམས་ལུགས་ཤེས་བྱ་སློབ་གྲྭར་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་དེས“གྱོད་དཔེ་དབྱེ་ཞིབ་དང་། མཉམ་འགུལ་དྲི་བར་ལན་རྒྱག་པ། མན་ངག་བརྒྱུད་བསྒྲགས”ཀྱི་རྣམ་པའི་ཐོག་ནས་སློབ་གྲྭའི་བརྙས་བཅོས་དང་། བསླུ་འཚོང་དང་ཁ་བསླུས་སྔོན་འགོག དྲ་རྒྱའི་བདེ་འཇགས། གསང་དོན་སྲུང་སྐྱོབ། ཆུ་སུབ་སྔོན་འགོག་བཅས་བདེ་འཇགས་ཀྱི་གཙོ་གནད་ཆེན་པོ་ལྔ་ལ་དམིགས་ནས། དཔེ་མཚོན་གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་གྲྭ་དེའི་དགེ་སློབ་ཚོར་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་། ཁྲིམས་འགལ་བྱེད་སྤྱོད་ཀྱི་མཇུག་འབྲས་ཁ་གསལ་བཤད་ནས། རང་ངོས་སྲུང་སྐྱོང་གི་ཐབས་ཤེས་བསླབས་པ་རེད། མི་དམངས་ཉེན་རྟོག་པ་དང་སློབ་མའི་དབར་སྤེལ་རེས་ཧུར་ཐག་བྱས་པས་ས་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། གཞན་ཡང་མི་དམངས་ཉེན་རྟོག་པས་ད་དུང་སློབ་མར་སློབ་གྲྭའི་བདེ་འཇགས་དྲིལ་བསྒྲགས་ཀྱི་ཤོག་བྱང་ཆུང་ཆུང་སྤྲད་དེ་ཁྲིམས་ལུགས་ཤེས་བྱ་རང་རྒྱུད་ལ་འཇགས་པ་དང་དུས་ངེས་མེད་དུ་སྦྱོང་བར་སྐུལ་འདེད་བཏང་བ་རེད།
འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་སློབ་མའི་ཁྲིམས་སྐྱོང་འདུ་ཤེས་དང་རང་ངོས་སྲུང་སྐྱོང་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ་མ་ཟད། ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་ཁོར་ཡུག་བཟང་པོ་སྔར་བས་བསྐྲུན་ནས། དུས་བདེ་དང་ཞི་མཐུན་གྱི་སློབ་གྲྭ་བསྐྲུན་པ་དང་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།