དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐར་མ་5ལས་མ་འགོར་བར་འགྲམ་འགག་སྒོ་སྒྲོལ་ཐུབ་པ།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ལྟ་འདོམས་གསར་གཏོད་ལ་བརྟེན་ནས་མཐའ་མཚམས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    ཉེ་ཆར། རིན་ཐང་སྒོར་ཁྲི་3ལྷག་ཙམ་ཟིན་པའི་སྨན་བཅོས་རོགས་སྐྱོར་སྒྲིག་ཆས་ཁག་གཅིག་ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་གཉའ་ནང་འགག་སྒོ་བརྒྱུད་འགག་སྒོ་སྒྲོལ་བའི་འགྲོ་ལུགས་གང་མགྱོགས་གཉེར་བ་དང་འགག་སྒོ་སྒྲོལ་བའི་བརྒྱུད་རིམ་ཧྲིལ་པོར་སྐར་མ་5ལས་མ་འགོར་བར་འགྲམ་འགག་སྒོའི་མཛའ་གྲོགས་ཟམ་པ་ནས་ནེ་པ་ལར་བདེ་བླག་ངང་བཏང་ཡོད། ནུས་ཆེའི་འགག་སྒོ་སྒྲོལ་བ་དེ་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ལྟ་འདོམས་གསར་གཏོད་དང་མཐའ་མཚམས་ཚོང་དོན་སྤུས་འབྲས་ལེགས་གཉེར་ལ་རམ་འདེགས་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་གྱུར་ཡོད།

    འགྲམ་འགག་སྒོ་དེ་ཀྲུང་ནེའི་མཐའ་མཚམས་ཀྱི་ཚོང་དོན་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ས་བབ་དམིགས་བསལ་ཡིན་པ་དང་། ཟོག་འགྲུལ་བཀོད་གཏོང་དཀའ་ཚེགས་ཆེ་བ། ལྟ་འདོམས་ཀྱི་གནོན་ཤུགས་ཆེ་བ་བཅས་ཡོད་པ་མ་ཟད། མིག་སྔར་བསྐྱར་སྐྲུན་གྱི་དུས་མཚམས་སུ་གནས་ཡོད་པས་འགག་སྒོ་སྒྲོལ་བའི་འགན་ལེན་ལ་ཚོད་བགམ་མང་པོ་འཕྲད་ཡོད། དོན་དངོས་དེར་དམིགས་ནས་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོ་བསྐྱར་སྐྲུན་དང་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་ནས“རེའུ་མིག་གཅིག་འཐུས”ཀྱི་ལྟ་འདོམས་བྱེད་སྟངས་གསར་གཏོད་བྱས་ཏེ་ས་དབྱིབས་ཀྱི་ཚོད་འཛིན་དང་ལྟ་འདོམས་ཀྱི་འཇུར་མིག་གནད་སྨིན་བསལ་ནས་ལོ་ངོ་སྟོང་གི་གནའ་ལམ་དེར་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་མངོན་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “རེའུ་མིག་གཅིག་འཐུས”ཀྱི་ལྟ་འདོམས་བྱེད་སྟངས་དེ་རེའུ་མིག་གཅིག་ནང་སྒོ་ཁྲལ་གནས་ཞུ་དང་། ཟོག་འགྲུལ། དཔྱད་བཤེར། གཏོང་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་འདུས་ཡོད་པ་དང་། འགག་སྒྲོལ་མ་ལག་གི་འགག་རྩའི་གྲངས་གཞི་བསྡུ་སྒྲིལ་གཏིང་ཟབ་བྱེད་པ། ལྷུ་ཚིགས་ཁག་གི་ཆ་འཕྲིན་གྱི་འགོག་རྐྱེན་མེད་པར་བཟོ་བ་བཅས་བྱས་ཏེ། གྲངས་གཞི་དུས་ཐོག་ཏུ་མཉམ་སྤྱོད་དང་བརྒྱུད་རིམ་སྦྲེལ་མཐུད་དམ་ཟབ་བྱུང་ཡོད། བྱ་ཐབས་དེ་ཁྱབ་གདལ་བཏང་ཚུན། འགྲམ་འགག་སྒོའི་སྤྱི་ཡོངས་ཀྱི་འགག་སྒྲོལ་ལས་ཆོད་20%མཐོ་རུ་ཕྱིན་ནས་དེ་སྔའི་འགག་སྒྲོལ་ལྷུ་ཚིགས་ཟང་ཟིང་ཆེ་བ་དང་དུས་ཚོད་ཅུང་རིང་པོ་འགོར་བའི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད་པ་རེད།

    ཡོངས་ཁྱབ་ཏུ་སྤྱོད་པའི་འགག་སྒྲོལ་བྱེད་སྟངས་ལེགས་སུ་བཏང་བའི་རྨང་གཞིའི་ཐོག ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་ཞིང་ལས་ཐོན་རྫས་དང་། “ཐོན་གསར་གསུམ” འཁེལ་འཐག་ཐོན་རྫས་སོགས་རང་ལྗོངས་ཀྱི་གཙོ་གནད་ཕྱིར་གཏོང་ཚོང་ཟོག་ལ་དམིགས་ཏེ། གནད་སྨིན་ཅན་གྱི་ལྟ་འདོམས་ཞབས་ཞུའི་བྱེད་ཐབས་མུ་མཐུད་བཏོན་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་སོགས“ཐོན་གསར་གསུམ”ཕྱིར་གཏོང་ལ་དམིགས་ཏེ། ཆེད་མངགས“སྒོ་ཁྲལ་གནས་ཞུ་རང་བདག་གིས་བདམས་པ+ཁག་ཐེངས་ཞིབ་བཤེར”བྱེད་ཐབས་ཁྱབ་གདལ་བཏང་བ་དང་། ཁེ་ལས་ཀྱིས་རང་ངོས་ཀྱི་གཉེར་སྐྱོང་དགོས་མཁོར་གཞིགས་ནས་འགག་སྒོ་སྒྲོལ་སྟངས་བབ་བསྟུན་གདམ་ག་བྱས་ཏེ་དངོས་ཟོག་འགག་སྒོར་འབྱོར་རྗེས་མགྱོགས་མྱུར་བཤེར་གཏོང་ཐུབ་པས། འགག་སྒྲོལ་གྱི་དུས་ཚོད་ཐུང་དུ་ཕྱིན་ཡོད།

    གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་ཟླ་3པ་ནས་བཟུང་འགྲམ་འགག་སྒོ་ནས་སྒོར་ཁྲི་2560ལྷག་ཙམ་རི་བའི་ནུས་གསར་རླངས་འཁོར་ཕྱིར་གཏོང་བྱས་པ་དེ་ཟླ་2པ་ལས་24.3%འཕར་ནས“ཐོན་གསར་གསུམ”གྱི་ཐོན་རྫས་ཕྱིར་གཏོང་གི་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ། བོད་ཀྱིས་ནེ་པ་ལར་ཕྱོགས་པའི་ཚོང་དོན་གྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།