འཕྱོངས་རྒྱས་རྫོང་གི“འགྲིམ་འགྲུལ་ཉེན་རྟོག་པ་ཆུང་ཆུང”གིས་ཤེས་དཔལ་གྲོང་ཁྱེར་གཏོད་པར་རམ་འདེགས་བྱས་པ།

འདི་ནི་སློབ་གྲྭ་གྲོལ་བའི་དུས་སུ“འགྲིམ་འགྲུལ་ཉེན་རྟོག་པ་ཆུང་ཆུང”ཚོས་འགྲིམ་འགྲུལ་ཉེན་རྟོག་པའི་མཛུབ་ཁྲིད་འོག་ལས་གནས་ཉམས་ལེན་བྱེད་བཞིན་པ།
ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་རྫོང་འགྲིམ་འགྲུལ་དོ་དམ་རུ་ཆེན་དང་རྫོང་སློབ་འབྲིང་དང་མཉམ་དུ“ཡ་རབས་གདོང་ལེན་ང་ཡིས་བྱེད། མཛེས་སྡུག་ཁྱིམ་གཞིས་མཉམ་དུ་སྐྲུན”ཞེས་པའི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། སློབ་མ་11གིས“འགྲིམ་འགྲུལ་ཉེན་རྟོག་པ་ཆུང་ཆུང”བྱས་ཏེ། སློབ་གྲྭ་གྲོལ་བའི་དུས་མཚམས་སུ་ལས་ཀར་ཞུགས་ནས། ལག་ལེན་དངོས་ལ་བརྟེན་ནས་ཡ་རབས་ལྡན་པའི་འགྲོ་སྐྱོད་དར་སྤེལ་བཏང་བ་རེད།
སློབ་གྲྭ་གྲོལ་བའི་དུས་སུ“འགྲིམ་འགྲུལ་ཉེན་རྟོག་པ་ཆུང་ཆུང”ཚོས་སློབ་གྲྭའི་རྒྱལ་སྒོའི་འགྲམ་དུ་ལངས་ཏེ། འགྲིམ་འགྲུལ་ཉེན་རྟོག་པ་དང་དགེ་རྒན་རྣམ་པའི་མཛུབ་ཁྲིད་འོག་འགྲུལ་བཞུད་པ་རྣམས་གོ་རིམ་ལྡན་པའི་ངང་བསྐྱོད་པར་ཁྲིད་སྟོན་བྱས་པ་མ་ཟད། ཁྱིམ་བདག་ཚོར་རླངས་འཁོར་ཡག་པོ་འཇོག་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད། རླངས་འཁོར་ཡག་པོ་མི་འཇོག་པའི་ཚུལ་མིན་བྱེད་སྤྱོད་ལ་ཕྲུ་གུ་ཚོས་གུས་ཞབས་ལྡན་པའི་ངང་ཁ་ཏ་བསླབ་བྱ་བྱས་པ་དང་། ཁྱིམ་བདག་ཚོས་རང་འགུལ་ངང་ཞོགས་འདེགས་བྱས་པས། སློབ་གྲྭའི་མཐའ་འཁོར་གྱི་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཆགས་ཡོད། ཁྱིམ་བདག་མི་ཉུང་བ་ཞིག་གིས། ཕྲུ་གུས་རང་དཔེ་གཞན་སྟོན་བྱས་པས་ཁྱིམ་བདག་ཚོས་ཡ་རབས་ཚུལ་ལྡན་གྱི་མིག་དཔེ་བཟང་པོ་ཞིག་བྱ་རྒྱུར་སྐུལ་མ་ཐེབས་བཞིན་འདུག་ཅེས་བརྗོད།
བྱེད་སྒོས“སློབ་མ་གཅིག་ལ་སློབ་གསོ་བཏང་ནས་ཁྱིམ་ཚང་གཅིག་ལ་སྐུལ་ཁྲིད་བྱས་ཏེ་སྤྱི་ཚོགས་ཧྲིལ་པོར་ཤུགས་རྐྱེན་ཐེབས་པར་བྱེད་ཀྱི་ཡོད”ཅེས་པའི་ཤུགས་རྐྱེན་ལས་ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་ལ་སྐུལ་འདེད་བཏང་སྟེ། མི་ཚང་མ་ཤེས་དཔལ་འཛུགས་གཏོད་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།
འབྲེལ་ཡོད་གསར་འགྱུར།