དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མེ་ཏོག་རྫོང་དགུ་ཐང་ཤང་གིས་རྒྱུན་རྣམ་ཅན་གྱི་ཁོར་ཡུག་ལེགས་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    ཉེ་ཆར། མེ་ཏོག་རྫོང་དགུ་ཐང་ཤང་གིས“ང་ཡི་མེ་ཏོག་ལ་དགའ་ཞིང་། རང་གི་ཁྱིམ་གཞིས་མཛེས་པར་བརྒྱན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཁོར་ཡུག་ལེགས་བཅོས་ཀྱི་བྱེད་སྒོ་སྤེལ་ཞིང་། ལས་བྱེད་པ་དང་། མང་ཚོགས། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་བཅས་མི་96གིས་མཉམ་དུ་ཤུགས་བརྒྱབ་ནས། ལག་ལེན་ངོ་མས“སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་བདེ། སྐྱེ་ཁམས་དམངས་ཆེད”བཅས་དོན་གཉེར་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་བྱས་ཏེ། སྲིད་གཞུང་གི་སྒོ་ར་དང་གཞུང་ལམ་གཙོ་བོ་སོགས་ལ་གཙང་སྦྲ་བྱས་པ་རེད། གྲོང་ཚོ་6གི་མང་ཚོགས་རྣམས་ཟུར་ལྟ་བྱེད་མཁན་ནས་གཙང་སྦྲ་བྱེད་མཁན་དུ་གྱུར་པ་དང་། མཉམ་དུ་གྲོང་ཚོའི་ཁོར་ཡུག་ལེགས་བཅོས་བྱས་པ་རེད། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་སློབ་གྲྭའི་ཕྱི་ནང་དུ་གད་ཕྱགས་པ་རེད།

    དགུ་ཐང་ཤང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། ད་ཐེངས་ཀྱི་བྱེད་སྒོས་ཤང་ནང་ཁུལ་གྱི་ཁོར་ཡུག་ལེགས་བཅོས་བྱས་པ་མ་ཟད། ཤང་ཡོངས་ཀྱི་ལས་བྱེད་དང་མང་ཚོགས་ཀྱི་བློ་སེམས་གཅིག་ཏུ་བསྒྲིལ་ནས། ཐུན་མོང་བཅོས་སྒྲིག་གི་རྣམ་པ་གསར་པ་ཞིག་ཀྱང་བཏོད་པ་རེད། མིག་སྔར། ཤང་ཏང་ཨུད་དང་སྲིད་གཞུང་གིས་ལས་ཀའི་ཆེད་སྒྲུབ་ཚོགས་པ་བཙུགས་པ་དང་། ཕུགས་ཕན་བཅོས་སྐྱོང་ལས་དོན་གྲ་སྒྲིག་དང་བཀོད་སྒྲིག་བྱེད་ཅིང་། ཟླ་གསུམ་ནང་དག་ཐེར་ལས་འགན་ལེགས་སྒྲུབ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།