སྙེ་མོ་རྫོང་སྤྱི་བདེ་ཅུས་ཕུ་གསུམ་ཤང་མངག་གཏོང་ཁང་གིས་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།
ཉིན་ཤས་གོང་། སྙེ་མོ་རྫོང་སྤྱི་བདེ་ཅུས་ཕུ་གསུམ་ཤང་མངག་གཏོང་ཁང་གིས་རྫོང་སྤྱི་བདེ་ཅུས་ཀྱི་ཉེས་དོན་ཉེན་རྟོག་པ་དང་། འགྲིམ་འགྲུལ་ཉེན་རྟོག་པ། དྲ་བའི་བདེ་འཇགས་ཉེན་རྟོག་པ་སོགས་ཉེན་རྟོག་རིགས་ཀྱི་རྐང་འཛིན་པ་གདན་དྲངས་ནས་མཉམ་འབྲེལ་ཐོག་ཁྲིམས་སྐྱོང་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ཞིང་། གྱོད་དཔེ་གསལ་འགྲེལ་དང་། དྲི་བར་ལན་འདེབས་པ། དཔྱད་ཡིག་སྤྲོད་པ་སོགས་ལ་བརྟེན་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་གྲོང་གསེབ་ཀྱི་ནག་སེལ་གཤེད་བཅོམ་དང་འབྲེལ་བའི་ཁྱད་ཆོས་གསལ་བཤད་ཞིབ་ཕྲ་བྱས་ཏེ་ཐེར་འདོན་གོང་ཞུའི་ཐབས་ལམ་ཁྱབ་བསྒྲགས་ཀྱིས་མང་ཚོགས་ལ་ནག་སེལ་གཤེད་བཅོམ་ནང་ཞུགས་པར་སྐུལ་ལྕག་བྱས་པ་དང་། མ་འཇོག་འབྱོར་སྐྱོང་དང་AIངོ་གདོང་བརྗེ་བ་སོགས་ཐོན་མང་བའི་གློག་འཕྲིན་ཁ་བསླུས་ཐད་རྫུན་རྐུབ་བརྟོལ་བ། “གྲུང་མིག་དྲ་ཐོག་ཉེན་རྟོག་པའི”བྱ་རིམ་ཆུང་གྲས་སྤྱོད་སྟངས་སློབ་པ། དོན་རྐྱེན་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་ཡ་རབས་ངང་ཕྱིར་སྐྱོད་དང་འགྲིམ་འགྲུལ་སྒྲིག་སྲོལ་ནན་སྲུང་བྱེད་པར་ཁྲིད་སྟོན་བཅས་བྱས་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། བྱེད་སྒོའི་ཉིན་དེར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག800ལྷག་ཙམ་སྤྲད་པ་དང་མང་ཚོགས་ཀྱི་དྲི་བ་80ལྷག་ཙམ་ལ་ལན་བཏབ་པས་མང་ཚོགས་མི་ཐེངས་500ལྷག་ཙམ་ལ་ཕན་པ་ཐོབ་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་བདེ་འཇགས་དོགས་ཟོན་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ་དང་། ཁོངས་གཏོགས་ཁུལ་གྱི་དུས་བདེའི་སྲུང་རགས་བརྟན་དུ་སོང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།