དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་རབས་གསར་པའི་ནོར་ཁྲལ་མཛོད་དངུལ་དྲ་སྦྲེལ་མ་ལག་གི་དུས་མཚམས་དང་པོའི་བྱེད་ནུས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    ཉེ་ཆར། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་རབས་གསར་པའི་ནོར་ཁྲལ་མཛོད་དངུལ་དྲ་སྦྲེལ་མ་ལག་གི་དུས་མཚམས་དང་པོའི་བྱེད་ནུས་དྲ་ཐོག་ཏུ་བདེ་བླག་ངང་སྤྱོད་འགོ་ཚུགས་པ་རེད།

    ད་ཐེངས་དྲ་ཐོག་གི་རབས་གསར་པའི་ནོར་ཁྲལ་མཛོད་དངུལ་དྲ་སྦྲེལ་མ་ལག་གི་དུས་མཚམས་དང་པོའི་བྱེད་ནུས་ནང་གཙོ་བོ་ཁྲལ་བསྡུའི་ཡོང་འབབ་ཀྱི་ལས་སྒོ་ཚུད་ཡོད་པ་རེད། མ་ལག་གསར་པ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་རྗེས། རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་དང་རིམ་ཁག་ཀྲུང་གོ་མི་དམངས་དངུལ་ཁང་གི་རྒྱལ་མཛོད་ཁྲལ་བསྡུ་མཛོད་སྐྱེལ་ལས་སྒོའི་སྒྲུབ་ཚད་དང་ལས་ཆོད་གཉིས་ཀ་མཐོ་རུ་ནུས་ལྡན་ཕྱིན་པ་དང་། ཁེ་ལས་དང་མི་སྒེར་གྱིས་ཁྲལ་འཇལ་ལས་སྒོ་གཉེར་བར་དེ་བས་སྟབས་བདེ་བསྐྲུན་པ་མ་ཟད། ཐག་གཅོད་འབྲས་བུའི་བརྡ་ལན་དེ་བས་མགྱོགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།