དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཧུའུ་པེ་ཤང་དབྱང་གི་མཚོ་རྒྱུད་སླར་གསོ་བྱས་པས་ཡུལ་ལྗོངས་ཧ་ཅང་ལྟ་ན་སྡུག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-14

    ལོ་རྒྱུས་ཀྱི་རིག་རྒྱུན་རྒྱུན་འཛིན་བྱ་ཆེད། ཉེ་བའི་ལོ་ཤས་རིང་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱིས་ཤང་ཆུའི་མཚོ་རྒྱུད་ཀྱི་སྐྱེ་ཁམས་ལེགས་སུ་གཏོང་བའི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ནས། སྐྱེ་ཁམས་ཀྱི་བར་ཁྱམས་སྐྲུན་པ་དང་། གྲོང་ཁྱེར་གྱི་རྣམ་པ་མཛེས་སུ་གཏོང་བ། སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་སོགས་ཀྱི་ལས་གྲྭ་སྤེལ་བ་བརྒྱུད། རོལ་རྩེད་ཡུལ་སྐོར་དང་། སྐྱེ་ཁམས་སྲུང་འཁྱོངས། རིག་གནས་འགྲེམས་སྟོན་སོགས་ནུས་པ་གཞི་གཅིག་ཏུ་འདུས་པའི་གྲོང་ཁྱེར་གྱི“སྐྱེ་ཁམས་བར་ཁྱམས”ཤིག་བཏོད་ཡོད། འདི་ནི་ཉེ་ཆར་པར་བརྒྱབ་པའི་ཤང་ཆུའི་མཚོ་རྒྱུད་ཀྱི་མཛེས་ལྗོངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།