མཐོ་གསར་ཁེ་ལས་ཀྱིས་ལག་རྩལ་གསར་གཏོད་ལ་འབད།

ཉེ་བའི་ལོ་ཤས་རིང་། ཉིང་པོ་ཅང་པེ་ཁུལ་གྱི་ལག་རྩལ་མཐོ་གསར་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་འགག་རྩའི་ལག་རྩལ་ཐད་ཚད་བརྒལ་ཡོང་བར་བྱས་པ་དང་། རྒྱལ་སྤྱི་ཅན་གྱི་འཐབ་ཇུས་བཀོད་པ་དང་རྩེར་སོན་གྱི་ལག་རྩལ་གསར་གཏོད་འདེགས་སྐྱོར་དུ་བྱས་པས་རང་ངོས་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་པ་མ་ཟད། ཁུལ་ཁོངས་ཀྱི་ཐོན་རྫས་རིན་ཐང་འཕར་བར་སྐུལ་འདེད་ཀྱང་བཏང་ཡོད། འདི་ནི་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཅང་པེ་ཁུལ་ཡུང་ཅང་ཁྲོམ་གཞུང་གི་རྐང་འཁོར་གྱི་ལྷུ་ལག་བཟོ་མཁན་ཁེ་ལས་ཤིག་ཏུ་ལས་བཟོས་ཕྲ་མཐོང་ཆེ་ཤེལ་གྱིས་ཞིབ་བཤེར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།