སི་ཕེན་གྱི་དུས་སྟོན་ལ་ཉམས་འགྱུར་སྣ་མང་ལྡན་པ།

ལོ་རེའི་ཟླ་4པའི་ཟླ་སྨད་ནས་ཟླ་5པའི་ཟླ་སྟོད་བར། སི་ཕེན་གྱི་སེ་ཝེ་ལི་ཡའི་ཟླ་བཞི་པའི་དུས་སྟོན་ཏག་ཏག་འཁེལ་གྱི་ཡོད་པ་དང་། དེ་ནི་ས་གནས་དེ་གའི་ཁྱད་ཆོས་མངོན་པར་གསལ་བའི་དམངས་སྲོལ་གྱི་དུས་སྟོན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ས་གནས་ཀྱི་ཁས་ལེན་དང་སྤྱི་ཚོགས་ཀྱི་སྦྲེལ་ཐག་ཟབ་ཏུ་གཏོང་བའི་རིག་གནས་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ཟླ་བཞི་པའི་དུས་སྟོན་ལ་ཡུལ་སྐོར་བ་མང་པོ་ཞུགས་རྒྱུའི་ཡིད་དབང་བཀུག་པ་མ་ཟད། རིམ་བཞིན་སི་ཕེན་གྱི་སྣ་མང་རིག་གནས་མཉམ་འདྲེས་མཚོན་པའི་མིང་བྱང་ཞིག་ཏུ་འགྱུར་བཞིན་ཡོད། འདི་ནི་སེ་ཝེ་ལི་ཡའི་ལྷོ་ནུབ་ཏུ་གནས་པའི་ལུའོ་སི་ལེ་མེ་ཏི་ཨའོ་སི་ཁུལ་དུ་གཟབ་མཆོར་ལེགས་པར་སྤྲས་པའི་ས་གནས་དེ་གའི་དམན་ཤར་ཚོས་ཤིང་རྟ་འཁོར་ལོར་བསྡད་དེ་ཟླ་བཞི་པའི་དུས་སྟོན་གྱི་ཁྲོམ་སྐོར་ལ་ཞུགས་བཞིན་པ།
འབྲེལ་ཡོད་གསར་འགྱུར།