དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་མང་པོ་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལྕགས་ལམ་དང་ལྕགས་ལམ་འགྲིམ་འགྲུལ་འགྲེམས་ཚོགས་ལ་ཞུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-14

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལྕགས་ལམ་དང་ལྕགས་ལམ་འགྲིམ་འགྲུལ་འགྲེམས་ཚོགས་ཐེ་ལན་གྱི་པང་ཁོག་ཏུ་འགོ་ཚུགས་ཤིང་། སྐབས་འདིའི་འགྲེམས་ཚོགས་ཐོག་ལྕགས་ལམ་དང་ལྕགས་ལམ་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ཁེ་ལས་200ལྷག་ཙམ་ཞུགས་པ་དང་། ཀྲུང་གོའི་ཀྲུང་ཁྲེ་དང་། ཧྭ་ཝེ། ཀྲུང་གོ་ལྕགས་ལམ་བཟོ་ལས་སོགས་ཀྲུང་གོའི་ཁེ་ལས་མང་པོ་འགྲེམས་སྟོན་ལ་ཞུགས་ཏེ་མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་དང་། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས། ནུས་རྒྱུ་གསར་པའི་ལྕགས་ལམ་འགྲིམ་འགྲུལ་རླངས་འཁོར་སོགས་ཐོན་རྫས་དང་ལག་རྩལ་གཅིག་སྡུད་འགྲེམས་སྟོན་བྱས་པ་རེད།

    ཀྲུང་གོའི་ཀྲུང་ཁྲེ་འགྲེམས་སྟེགས་སུ་ནུས་ཁུངས་གསར་པའི་མེ་འཁོར་དང་། ནུས་རྒྱུ་ཆིང་གི་གྲོང་ཁྱེར་ཁྱབ་ཁོངས་ཀྱི་མེ་འཁོར་སོགས་ཐོན་རྫས་རབ་དང་རིམ་པ་འགྲེམས་སྟོན་བྱས་པ་དེས་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་ཁྱབ་ཁོངས་ཁེ་ལས་ཀྱི་གྲུབ་འབྲས་གསར་པ་མཚོན་གྱི་ཡོད།

    སྐབས་འདིའི་འགྲེམས་ཚོགས་དུས་ཡུན་ཉིན་གཉིས་ཡིན་པ་དང་། ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་ཀྱི་གྲངས་རིག་ཅན་དང་ལྗང་མདོག་ཅན་གྱི་ཕྱོགས་སྒྱུར་སོགས་བརྗོད་དོན་གཙོ་བོར་དམིགས་ཏེ་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།