དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ནེ་རོ་པི་དོན་གཅོད་ཁྲུའུ་རྒྱས་སྐྲུན་གྱི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-14

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་ཡིས་མཉམ་དུ་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་མཉམ་འབྲེལ་རྒྱལ་ཚོགས་ནེ་རུ་པི་དོན་གཅོད་ཁྲུའུ་རྒྱས་སྐྲུན་གྱི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.4བཏང་ཞིང་། སྔོན་དཔག་ལྟར་ན། 2029ལོར་ལས་མཇུག་འགྲིལ་རྒྱུ་དང་། སྐབས་དེ་དུས་ནེ་རུ་པི་དེ་ཉིད་ཉིའུ་གཡོད་དང་རི་ནེ་ཝའི་རྗེས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིའི་ལྟེ་བའི་གྲོང་ཁྱེར་ཆེ་གྲས་གསུམ་པར་འགྱུར་རྒྱུ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཆོག་མཆན་ཐོབ་པའི་ཇུས་གཞིར་གཞིགས་ན། རྣམ་གྲངས་དེས་ལྗང་མདོག་གཞུང་ལས་ཐོག་ཁང་གསར་སྐྲུན་དང་ཚོགས་འདུའི་སྒྲིག་བཀོད་རིམ་སྤོར་བྱས་ཏེ། ཚོགས་ཁང་14ནས་30བར་མང་དུ་གཏོང་རྒྱུ་ཡིན་པས། ཚོགས་ཁང་ནང་འཐུས་མི་གཤོང་ཚད་མི་2000ནས་9000བར་མང་དུ་འགྲོ་རྒྱུ་རེད།

    ཀུ་ཐེ་ལེ་སིས་མཛད་སྒོའི་ཐོག་གསུངས་དོན། རྣམ་གྲངས་གསར་པ་དེ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་འདི་ཉིད་འབྱུང་འགྱུར་ཕྱོགས་མང་རིང་ལུགས་སྒྱུར་བཅོས་ཀྱི་ལྟེ་བའི་གནས་བབ་ཏུ་འཇོག་རྒྱུའི་ཐད་འབད་བརྩོན་བྱས་པ་མངོན་ཡོད། ཨ་ཧྥེ་རི་ཁ་ནི་གསར་གཏོད་དང་ཐག་གཅོད་ཇུས་གཞིར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཞི་བདེ་དང་། བདེ་འཇགས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་སོགས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།