དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཐོང་དཀོན་པའི་ནད་རིགས་ཀྱི་མནའ་འབྲེལ་ཚོགས་པ་མ་ལེ་ཞི་ཡར་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-14

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། མིའི་རིགས་ཀྱི་རྒྱུད་གྲུབ་འཆར་གཞིའི་དུས་ཐེངས་གཉིས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཐོང་དཀོན་པའི་ནད་རིགས་ཀྱི་མནའ་འབྲེལ་ཚོགས་པ་མ་ལེ་ཞི་ཡའི་རྒྱལ་ས་ཁྭ་ལ་ལུམ་ཕུར་བཙུགས་པ་དང་། དེ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་སྲིད་གཞུང་སྒྲིག་གཞི་དང་། གསོ་རིག་རིགས་གཅིག་མཁས་ཅན། སྤྱི་ཚོགས་སྟོབས་ཤུགས་བཅས་མཉམ་འབྲེལ་བྱས་ནས་ས་ཁོངས་ཀྱི་མཐོང་དཀོན་པའི་ནད་རིགས་ཀྱི་ནད་བརྟག་སྨན་བཅོས་ཀྱི་འགག་གནད་ལ་དམིགས་ཏེ། ལག་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་བྱ་ཐབས་འཚོལ་ཞིབ་བྱས་ནས། མཐོང་དཀོན་པའི་ནད་རིགས་ཀྱི་ནད་བརྟག་སྨན་བཅོས་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ནང་འཇུག་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།