མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་བཏང་བ།

ཉེ་བའི་ལོ་ཤས་རིང་། འབར་ཁམས་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་སློབ་གྲྭར་མི་བཟང་སྐྱོང་བ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། སྲོལ་རྒྱུན་གྱི་སློབ་ཁང་སློབ་ཁྲིད་ཀྱི་འཆིང་རྒྱ་ལས་བསྒྲལ་ནས“ལག་ལེན་ཉམས་ལེན་དང་ཁྱད་ལྡན་སློབ་ཚན་ཟུང་འབྲེལ”གྱི་རྣམ་པ་གསར་པ་བཏོད་དེ། དེ་སྔ“དཔོག་དཀའ་བའི”མངོན་མིན་རིག་གནས་ཤུལ་བཞག་འགུལ་མེད་སྲུང་སྐྱོང་ནས་མཐོང་ཚོར་འཛིན་གསུམ་ཐུབ་པའི་འགུལ་རྣམ་ཅན་གྱི་སློབ་ཚན་དུ་བསྒྱུར་བས། སློབ་མ་ཚོའི་སེམས་སུ་རིག་གནས་ཀྱི་མོས་སེམས་བསྐྱེད་དེ་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་རྩ་བ་ཚུགས་ནས་འབྲས་བུ་སྨིན་ཐུབ་པ་བྱུང་ཡོད། འདི་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་འབར་ཁམས་གྲོང་ཁྱེར་མཆོག་རྩེ་ལྟེ་གནས་སློབ་གྲྭར་སློབ་མ་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི་འཐག་ལས་ལག་ཤེས་སྦྱོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།