རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཀྲང་ཡུས་ཧུང་གིས་སྐྱེ་དངོས་ཕྲ་རབ་ཀྱི་ལག་རྩལ་ལ་བརྟེན་ནས་ས་མཐོར་ཞིབ་འཇུག་ཚོད་ལྟའི་ལས་ལ་གཞོལ་བ།
འདི་ལོ་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཐོན་རྫས་གསར་སྤེལ་དང་བཟའ་བཅའ་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུས་ཧུང་ལ“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་པ་རེད། 1998ལོར་ལྷོ་ནུབ་ཞིང་ལས་སློབ་ཆེན་གྱི་སྐྱེ་དངོས་ཕྲ་རབ་ཆེད་ལས་ནས་ཐོན་རྗེས། ཀྲང་ཡུས་ཧུང་ཞིབ་འཇུག་པ་ཞིག་ཏུ་གྱུར། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཐོན་རྫས་གསར་སྤེལ་དང་བཟའ་བཅའི་ཚན་རིག་ཞིབ་འཇུག་སུའོ་རུ་ཁོང་གིས་སྐྱེ་དངོས་ཕྲ་རབ་ཀྱི་ལག་རྩལ་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ཡུལ་ཟོག་དེང་རབས་ཅན་གྱི་ཕྱོགས་སུ་འགྱུར་བར་གཞོལ་བཞིན་ཡོད།

འདི་ནི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཐོན་རྫས་གསར་སྤེལ་དང་བཟའ་བཅའི་ཚན་རིག་ཞིབ་འཇུག་སུའོ་རུ་ཀྲང་ཡུས་ཧུང་གིས(གཡོན)མང་ཆག་བརྔོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།