མཚོ་སྔོན་གྱི་སྤུས་རྟགས་གཏོད་ཡུལ་ཞིག་ཉམས་ལེན་བྱ་ཡུལ་ཁག་དང་པོའི་འོས་སྦྱོར་མིང་ཐོར་ཚུད་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤུས་རྟགས་ཀྱི་ཕྱོགས་སྟོན་དང་ཡུལ་སྐོར་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱ་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཐོན་ལས་འཕེལ་རྒྱས་སིས་རིག་གནས་དང་ཡུལ་སྐོར་པུའི་ཐོན་ལས་འཕེལ་རྒྱས་སི་དང་མཉམ་དུ“སྤུས་རྟགས་གཏོད་ཡུལ་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་བ་རེད། ཟླ་5ཚེས་10ཉིན“སྤུས་རྟགས་གཏོད་ཡུལ་དུ་ཡུལ་སྐོར་བྱེད་པའི”ཁག་དང་པོའི་ཉམས་ལེན་བྱ་ཡུལ་30ཡི་འོས་སྦྱོར་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཡོན་ས་གདན་སྤུས་རྟགས་ཉམས་ལེན་བྱ་ཡུལ་དུ་བདམས་པ་རེད།
“སྤུས་རྟགས་གཏོད་ཡུལ་དུ་ཡུལ་སྐོར”ཉམས་ལེན་བྱེད་པ་ནི་སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྤུས་རྟགས་ཀྱི་གཟུགས་བརྙན་སྟོན་པ། སྤུས་རྟགས་ཉམས་ལེན་གྱི་ཡུལ་རྣམ་གཏོད་པ་བཅས་ཀྱི་གསར་གཏོད་ལས་སྟེགས་ཤིག་ཡིན་པ་དང་། སྤུས་རྟགས་ཀྱི་མངོན་གསལ་དོད་པའི་འཕེལ་ཤུགས་དང་ལག་རྩལ་གསར་གཏོད་ཀྱི་ནུས་པ་ལྡན་པའི་ཁེ་ལས་སོགས་ལ་བརྟེན་ནས་ཡུལ་རྣམ་ཉམས་ལེན་སྒོ་དབྱེ་དང་། རིག་གནས་དང་ཡུལ་སྐོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་ཀྱི་དོན་བརྗོད་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། དྲན་གསོ་བྱེད་རིན་ཡོད་པ་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་སྤུས་རྟགས་བརྒྱུད་སྤེལ་གཞི་རྟེན་ཁག་གཅིག་བཏོད་དེ་ཀྲུང་གོའི་སྤུས་རྟགས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ཆེ་རུ་འགྲོ་རྒྱུར་རམ་འདེགས་བྱས་པ་མ་ཟད། སྤུས་རྟགས་ཀྱིས་མཐུན་རྐྱེན་སྦྱར་ནས་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་འཕར་གཞི་གསར་པ་སྐྱེད་སྲིང་དང་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་སྤུས་ཚད་མཐོ་རུ་བཏང་བ་རེད།
སྤུས་རྟགས་ཀྱི་སྙན་གྲགས་ཆོད་ཚད་དང་། རིན་ཐང་ནང་དོན་མངོན་གསལ་དོད་པ། ཉམས་ལེན་གྱི་ནང་དོན་ཕུན་སུམ་ཚོགས་པ་སོགས་ཀྱི་རྩ་དོན་ལ་གཞིགས་ནས་ས་ཁོངས་དོ་སྙོམས་རང་བཞིན་དང་ལས་རིགས་ཀྱི་མཚོན་བྱེད་རང་བཞིན་ལ་ལྟ་རྟོག་བྱས་ཏེ་སྤུས་རྟགས་ཉམས་ལེན་བྱ་ཡུལ་ཁག་དང་པོ་གཏན་འཁེལ་བྱས་ཡོད། ད་ཐེངས་ཁྱབ་བསྒྲགས་བྱས་པའི་སྤུས་རྟགས་ཉམས་ལེན་བྱ་ཡུལ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)22དང་འཆར་གཞི་ལོགས་བཀོད་གྲོང་ཁྱེར་དུ་ཁྱབ་ཡོད་པ་དང་། དེའི་ནང་བཟོ་སྐྲུན་ལས་རིགས་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས། ཞིང་ལས། རིག་གནས་ཐོན་ལས་བཅས་རིགས་ཆེན་པོ་བཞི་ཚུད་ཡོད། “སྤུས་རྟགས་གཏོད་ཡུལ་དུ་ཡུལ་སྐོར་བྱེད་པ”དེས་ཀྲུང་གོའི་སྤུས་རྟགས་ལ་ཤེས་རྟོགས་བྱེད་པར་སྐར་ཁུང་གསར་པ་ཕྱེ་བ་དང་། ཁེ་ལས་ཀྱི་ལག་རྩལ་སྟོབས་ཤུགས་དང་། བཟོ་སྐྲུན་བཟོ་རྩལ། རིག་གནས་ཀྱི་ནང་དོན་བཅས་དང་མང་ཚོགས་ཀྱི་ས་གནས་ས་ཐོག་གི་ཉམས་ལེན་དང་། བརྩེ་བ་གཅིག་མཐུན། རིན་ཐང་ཁས་ལེན་བཅས་མཉམ་འདྲེས་གཏིང་ཟབ་བྱུང་ཚེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་སྤུས་རྟགས་གཏམ་རྒྱུད་བརྗོད་པར་གཞི་ནས་དེ་བས་གསོན་ཉམས་དོད་པའི་གཞི་རྟེན་ལྡན་པ་མ་ཟད། ཀྲུང་གོའི་སྤུས་རྟགས་གཏོད་པའི་དཀའ་སྤྱད་འབད་བརྩོན་གྱི་འཕེལ་རྒྱས་བརྒྱུད་རིམ་ལ་ཁྱབ་སྤེལ་ལམ་བུ་གསར་རྐྱང་ཞིག་ཡོང་ཐུབ།
འབྲེལ་ཡོད་གསར་འགྱུར།