“རབ་མཛེས་མཚོ་སྔོན། ས་མཐོའི་རྐང་རྩེད་སྤོ་ལོའི”རིམ་འདས་རིམ་མཚུངས་མཉམ་འགྲན་འགོ་ཚུགས་པ།
ཚེས་10ཉིན། “རབ་མཛེས་མཚོ་སྔོན། ས་མཐོའི་རྐང་རྩེད་སྤོ་ལོའི”རིམ་འདས་རིམ་མཚུངས་མཉམ་འགྲན(གཤམ་དུ“མཚོ་སྔོན་གྱི་རིམ་འདས་རིམ་མཚུངས་མཉམ་འགྲན”ཞེས་བསྡུ་རྒྱུ)སྐབས་གསུམ་པའི་འགོ་ཚུགས་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་འཚོགས་ཤིང་། འགོ་ཚུགས་འགྲན་བསྡུར་ཁྲོད། བདག་རེས་ཡིན་པའི་ཟི་ལིང་གསའ་རུ་ཁག་བསྡུར་གྲངས་1∶1གི་ཐོག་ནས་མགོ་ལོག་གེ་སར་རུ་ཁག་དང་མཉམ་པ་རེད།
སྐབས་འདིའི་མཚོ་སྔོན་གྱི་རིམ་འདས་རིམ་མཚུངས་མཉམ་འགྲན་གྱིས་འགྲན་བསྡུར་གྱི་ལས་སྟེགས་ལ་བརྟེན་ནས། “ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། གསོ་ཚགས”བཅས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་སླར་ཡང་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་བ་རེད། མཚོ་སྔོན་ལུས་རྩལ་ལྟེ་གནས་ཀྱི་འགྲན་རའི་ཕྱི་རོལ་གྱི“མཚོ་སྔོན་གྱི་ཐོན་རྫས་ཡག་པོ། མཚོ་སྔོན་གྱི་ཁྱིམ་ཚང་དགའ་སྟོན”ཞེས་པའི་ཁྱད་ལྡན་འགྲེམས་ཁུལ་དུ་བཤམས་པའི་ནས་དང་། འདྲེ་ཚེར་མ། ལི་གྲོ་སོགས་ཁྱད་ལྡན་ཐོན་རྫས་ལ་ལྟད་མོ་བ་དང་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་གློག་རྡུལ་ཚོང་ལས་ལས་སྟེགས་སུ“མཚོ་སྔོན་གྱི་ཐོན་རྫས་ཡག་པོའི”ཆེད་སྤྱོད་འཛིན་ཤོག་སྒོར་ཁྲི་100དུས་གཅིག་ལ་སྤྲད་པ་མ་ཟད། འགྲན་བསྡུར་གྱི་སྒོ་འཛིན་དང་དྲ་ཐོག་གི་མངགས་ཐོར་བརྟེན་ནས་ཁྱད་ལྡན་ལག་རྟགས་ལེན་པ་སོགས་མཉམ་འགུལ་གྱི་གཟིགས་སྐྱོང་ཀྱང་བཏོན་པ་རེད།
སྐབས་གོང་མ་གཉིས་ཀྱི་འགྲན་དོན་བརྒྱུད། སྐབས་འདིའི་མཚོ་སྔོན་གྱི་རིམ་འདས་རིམ་མཚུངས་མཉམ་འགྲན་གྱིས་ས་གནས་དེ་གའི་མང་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་སྤྲོ་སེམས་འཕེལ་བར་བྱས་པ་དང་། “རབ་མཛེས་མཚོ་སྔོན”གྱི་གཟུགས་བརྙན་ཡག་པོ་བསྟན་ནས། ས་མཐོའི་རྐང་རྩེད་སྤོ་ལོའི་ལས་དོན་གྱི་འཕེལ་རྒྱས་ལ་འཚམ་པའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།