དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོར་བདེ་འཇགས་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-14

    2026ལོའི་ཟླ་5ཚེས་12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་ཐེངས་18པ་དེ་རེད། ད་ལོའི་བརྗོད་དོན་གཙོ་བོ་ནི“ཚང་མས་བདེ་འཇགས་ལ་སྣང་ཆེན་དང་ཚང་མས་འཕྲལ་སྡོམ་ཤེས་པར་བྱས་ཏེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུ”དེ་རེད། ཉིན་དེར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་སློབ་གསོ་དང་གསོ་སྦྱོང་གི་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བར་བརྟེན་ནས་བདེ་འཇགས་རིག་གནས་ཀྱི་རྣམ་པ་ཟབ་མོ་བཏོད་དེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་བཏང་བ་རེད།

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་འབྲེལ་ཡོད་ཚན་པའི་ལས་དོན་པས་མང་ཚོགས་ལ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱེད་པ།

    འདི་ནི་མེ་གསོད་རུ་མིས་ལྷ་སའི་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་གི་སློབ་མ་ཚོར་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་འགྲེལ་བཤད་རྒྱག་པ།

    འདི་ནི་མེ་ཏོག་རྫོང་འབྲས་སྤུངས་ཤང་གིས་ས་ཡོམ་གྱི་འཕྲལ་སྡོམ་ནང་སྦྱོང་བྱེད་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།