དབུ་ཤོག
  • མགྱོགས་པོ་གཟིགས། དེ་རིང་ནས་འཆམ་འཆམ་འགྲོ་སའི་ལམ་འདི་བཀག་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-05-13

    སྤྱི་བསྒྲགས།

    རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་རྣམ་པ།

    རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལྷ་ཀླུ་འདམ་རའི་སྤྲོ་གསེང་ཉམས་ལེན་ཡག་པོ་ཡོང་བ་དང་། འཆམ་འཆམ་ལམ་གྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། དེ་བས་སྐྱིད་སྣང་དོད་ལ་བདེ་འཇགས་ལྡན་པའི་སྤྲོ་འཆམ་བྱེད་ས་སྐྲུན་པ་བཅས་ཀྱི་ཆེད་དུ་ཞིབ་འཇུག་བྱས་པ་བརྒྱུད། བོད་ལྗོངས་ལྷ་ས་གྲོང་ཁྱེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལྷ་ཀླུ་འདམ་ར་དོ་དམ་ཅུས་ཀྱིས་སྲུང་སྐྱོང་ཁུལ་གྱི་ས་ཆ་ཁག་གཅིག་ལ་ཕྱོགས་ཡོངས་ནས་ཉམས་བཟོ་བྱ་རྒྱུ་ཡིན་པ་རེད། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ། 

    གཅིག ཉམས་བཟོའི་དུས་ཚོད། 

    2026ལོའི་ཟླ་5ཚེས་13ཉིན་ནས་ཟླ་5ཚེས་20ཉིན་བར། 

    གཉིས། གནས་སྐབས་བཀག་སྡོམ་བྱེད་པའི་ཁུལ། 

    ལྷ་ཀླུ་འདམ་རའི་ཀླུ་སྡིངས་བྱང་ལམ(འཛུལ་སྒོ་དང་ཐོན་སྒོ)ནས་ཏང་གི་སློབ་གྲྭའི་ལམ་དུམ(འཛུལ་སྒོ་དང་ཐོན་སྒོ)བར་གྱི་ལམ་ཧྲིལ་པོ། (གནས་ཚུལ་ཞིབ་ཕྲ་གཤམ་གྱི་ས་ཁྲ་ལ་གཟིགས་རོགས) 

    གསུམ། དོ་སྣང་བྱེད་དགོས་པའི་དོན་ཚན།

    1.རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་འགྲོ་སྐྱོད་ལམ་ཐིག་དང་ཡུལ་སྐོར་ལམ་ཐིག་སྔ་སྣུར་དུ་འཆར་འགོད་བྱེད་དགོས་པ་དང་། འཛུལ་སྒོ་དང་ཐོན་སྒོ་གཞན་དག་ནས་སྲུང་སྐྱོང་ཁུལ་གྱི་སྒོ་དབྱེའི་ཁུལ་དུ་བསྐྱོད་ཆོག

    2.ས་གནས་ས་ཐོག་གི་ཉེན་ཟོན་མཚོན་རྟགས་ཀྱི་དྲན་སྐུལ་ལ་རང་རྟོགས་ངང་བརྩི་སྲུང་དང་ལས་བྱེད་མི་སྣའི་ཁྲིད་སྟོན་དང་བཀོད་འདོམས་ལ་བརྩི་སྲུང་ཞུ་བ་ལས་བཀག་སྡོམ་བྱས་པའི་ཨར་སྐྲུན་ཁུལ་དུ་རང་མཚམས་ཀྱིས་འཛུལ་མི་ཆོག

    དེ་ལས་ཁྱེད་རང་ལ་སྟབས་མི་བདེ་བ་བྱུང་ཚེ་བསམ་ཤེས་གནང་རོགས། ཁྱེད་ཀྱིས་ལྷ་ཀླུ་འདམ་རའི་སྲུང་སྐྱོང་དོ་དམ་ལས་དོན་ལ་བསམ་ཤེས་དང་།  རྒྱབ་སྐྱོར། གཞོགས་འདེགས་བཅས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

    གནས་སྐབས་བཀག་སྡོམ་ཁུལ་གྱི་ས་ཁྲ(རྟགས་དམར་པོ་བཀོད་པ་ནི་བཀག་སྡོམ་ཁུལ་ཡིན )

    བོད་ལྗོངས་ལྷ་ས་གྲོང་ཁྱེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལྷ་ཀླུ་འདམ་ར་དོ་དམ་ཅུས་ཀྱིས། 

    2026ལོའི་ཟླ་5ཚེས་12ཉིན། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།