བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་ཐོན་སློབ་སྨན་སློབ་ཀྱི་མཐུན་སྦྱོར་ལས་དོན་ཚོགས་འདུ་འཚོགས་པ།
ཟླ་5ཚེས་9ཉིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་ཐོན་སློབ་སྨན་སློབ་མཐུན་སྦྱོར་ལས་དོན་ཚོགས་འདུ་དང་ཁག་དང་པོའི་ལག་ལེན་སློབ་ཁྲིད་རྟེན་གཞིའི་དགེ་རྒན་གྱི་ངོ་བོ་གཅིག་མཚུངས་ཅན་གྱི་གསོ་སྦྱོང་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཕྱི་ནང་གི་ལག་ལེན་སློབ་ཁྲིད་རྟེན་གཞིའི་འགན་འཁུར་བ་དང་། སློབ་ཁྲིད་དགེ་རྒན། དེ་བཞིན་དགེ་སློབ་ཀྱི་འཐུས་མི་བཅས་མི་30ལྷག་ཙམ་ཚོགས་འདུར་ཞུགས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ལག་ལེན་སློབ་ཁྲིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་མཉམ་དུ་ཇུས་འགོད་བྱས་པ་རེད།
ཚོགས་འདུའི་ཐོག《བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་ལག་ལེན་སློབ་ཁྲིད་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་པ་དང་། ཁག་དང་པོའི་ལག་ལེན་སློབ་ཁྲིད་རྟེན་གཞིའི་དགེ་རྒན་གྱི་ངོ་བོ་གཅིག་མཚུངས་ཅན་གྱི་གསོ་སྦྱོང་དུས་གཅིག་ཏུ་འགོ་ཚུགས་པ་དང་། པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་ཏུང་ཀྲི་མོན་སྨན་ཁང་དང་ཅི་ལིན་སློབ་གྲྭ་ཆེ་མོའི་པའེ་ཆིའུ་ཨེན་སྨན་ཁང་གཉིས་པའི་རིགས་གཅིག་མཁས་ཅན་གྱིས་གདན་ཞུས་ལྟར་ཆེད་དོན་འཆད་ཁྲིད་བྱས་པ་རེད། ཚོགས་ཞུགས་འཐུས་མིས་སློབ་ཁྲིད་ཚད་ལྡན་དང་། དཔྱད་ཞིབ་ཚད་གཞི། ཐོན་སློབ་མཉམ་འདྲེས་སོགས་ཀྱི་གྲོས་གཞིར་དམིགས་ནས་བགྲོ་གླེང་བྱས་ཏེ“ཁྲེ་ཙེ་གཅིག་དང་ཚད་གཞི་གཅིག”གི་ངོ་བོ་གཅིག་མཚུངས་ཅན་གྱི་སློབ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་གྲུབ་པ་རེད།
འབྲེལ་ཡོད་གསར་འགྱུར།