“སྐུ་ལྷ་མཁའ་རིའི་ཡུལ་ལུང་དུ། སྤྱི་སྐད་སྤྱད་ནས་མཐུན་སྒྲིལ་གླེང”ཞེས་པ་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

ཉེ་ཆར། “སྐུ་ལྷ་མཁའ་རིའི་ཡུལ་ལུང་དུ། སྤྱི་སྐད་སྤྱད་ནས་མཐུན་སྒྲིལ་གླེང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷོ་བྲག་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་གྲས་འགྲན་བསྡུར་ལྷོ་བྲག་རྫོང་གི་རིག་གནས་བྱེད་སྒོའི་ལྟེ་གནས་སུ་སྤེལ་བ་རེད།ད་ཐེངས་ཀྱི་བྱེད་སྒོར་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་7གྱི་གསར་རྩོམ་ལེ་ཚན་9འཁྲབ་སྟོན་བྱས་ཤིང་། མི་རིགས་མཐུན་སྒྲིལ་དང་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་སོགས་བརྗོད་དོན་གཙོ་བོར་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་གྲས་འཁྲབ་སྟེ། ཉེ་འགྲམ་གྱི་མི་དང་དོན་དག་བརྗོད་ནས་དུས་རབས་གསར་པའི་ལྷོ་བྲག་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་ཡར་ཐོན་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་པར་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་ཡོད། འདི་ནི་ལྷོ་བྲག་རྫོང་གི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་འཁྲབ་ཚན་ཐུང་གྲས་འཁྲབ་སྟེ། རྣམ་ཀུན་འཚོ་བའི་ཁྲོད་གད་སྙིགས་ཇི་ལྟར་རིགས་དབྱེ་བྱེད་དགོས་མིན་སྐོར་ཤོད་བཞིན་པ།
འབྲེལ་ཡོད་གསར་འགྱུར།