དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • སྦྲ་ཆེན་རྫོང་གིས“དགོངས་པ་སློབ་སྦྱོང་དང་། བྱ་བ་དངོས་སྒྲུབ་པ། འགྱུར་ལྡོག་གླེང་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-13

    ཉེ་ཆར། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་བྱ་མང་ཤང་མམ་ར་མདའ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་མཉམ་དུ“དགོངས་པ་སློབ་སྦྱོང་དང་། བྱ་བ་དངོས་སྒྲུབ་པ། འགྱུར་ལྡོག་གླེང་བ”བཅས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་ལག་ལེན་ཞབས་ཞུ་བརྒྱུད་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་རེད།

    “དགོངས་པ་སློབ་སྦྱོང”གི་ལས་འགན་ཨང་དང་པོར་དམ་འཛིན་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི“སྒྲོག་འགྲེལ་པ་ཡག་ཤོས་བཅུའི”གྲས་ཡིན་པའི་འབྲུག་རྒྱལ་གྱིས《རླབས་ཆེན་གྱི་མཆོང་སྐྱོད་དང་ཉམས་པ་མེད་པའི་རྡོ་རིང》ཞེས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་ཆེད་དོན་སྒྲོག་འགྲེལ་ལ་དམིགས་ནས། ཉེ་འཁོར་གྱི་འཕེལ་རྒྱས་དང་འགྱུར་ལྡོག་དང་དམངས་འཚོ་ལེགས་གཏོང་གི་དཔེ་མཚོན་དང་ཟུང་འབྲེལ་བྱས་ཏེ། གོ་བདེ་ཞིང་ཤེས་སླ་བའི་སྐད་ཆ་དང་གསོན་ཉམས་དོད་པའི་གཏམ་རྒྱུད་ཐོག་ནས་ཚང་མས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པའི”དུས་རབས་ཀྱི་ནང་དོན་ལ་ངོས་འཛིན་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱས་པ་དང་སྦྲགས། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་གྱི་སྲུང་སྐྱོང་བྱེད་མཁན་དང་། ལག་ལེན་བསྟར་མཁན། སྐུལ་འདེད་གཏོང་མཁན་བཅས་བྱས་ཡོད།

    “བྱ་བ་དངོས་སྒྲུབ་པའི”ལག་ལེན་གྱི་བླང་བྱར་དམིགས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ་སྲིད་ཇུས་བློ་འདྲི་དང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲཌ། ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་སོགས་ཀྱི་ཞབས་ཞུའི་ས་ཚིགས་བཙུགས་ཏེ་དང་བླངས་པས་ངང་རྒྱུད་རིང་པོས་དོགས་གཞི་སེལ་བ་དང་ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་ཞབས་འདེཌ་ཞུས་ནས་ཤེས་དཔལ་ལག་ལེན་གྱི་གཡུལ་ས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“དྲོ་སྐྱིད་ལྡན་པའི་ས་ཚིགས”ལ་བཏོད་ཡོད།

    “འགྱུར་ལྡོག་གླེང་བའི”ཐོག་ནས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ཤིང་། བྱེད་སྒོའི་ནང་སྤེལ་རེས་མཉམ་སྤྱོད་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱི་འཐུས་མིས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་ཕ་ཡུལ་འཕེལ་རྒྱས་དང་། འཚོ་བ་ལེགས་བཅོས། དམངས་འཚོ་འགན་ལེན་བཅས་ཀྱི་དགའ་འོས་པའི་འགྱུར་ལྡོག་ལྷུག་པོར་གླེང་བ་དང་ཁྱིམ་མཚེས་ཕན་ཚུན་རོགས་རེས་དང་མི་རིགས་མཐུན་སྒྲིལ་གྱི་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།