དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • སྨར་ཁམས་རྫོང་གིས་སྨར་ཁམས་དང་ཁྲུང་ཆིང་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་ཕྱོགས་མང་པོ་ནས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-13

    2025ལོའི་ཚུན་དུ། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་པའི་ཁར། ཁྲུང་ཆིང་གི་བོད་སྐྱོར་མ་དངུལ་འདེགས་སྐྱོར་གལ་ཆེན་དུ་བྱས་ནས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རིམ་སྤེལ་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྤེལ་ཏེ། ཁྲུང་ཆིང་དང་སྨར་ཁམས་དབར་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    ས་ཁོངས་སྒྲོལ་བའི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བའི་ཐད། སྨར་ཁམས་རྫོང་གིས་རྫོང་གི་དོན་དངོས་ལ་གཞི་ཚུགས་ནས་ཁྲུང་ཆིང་གི་བོད་སྐྱོར་ཐབས་ལམ་བརྒྱུད། “གཉེན་ཉེ་འཕྲད་པར་སྐྱོད། གཅིག་སེམས་གཅིག་ལ་གཏད”ཅེས་པའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རིམ་སྤེལ་བྱེད་སྒོ་ཐེངས་3སྤེལ་བར་མི་ཐེངས་114ཞུགས་པ་དང་། བོད་སྐྱོར་མ་དངུལ་སྒོར་ཁྲི་159.19བཏང་བ། གཞན་ཡང་གཞི་རིམ་གྱི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་པ་12ཁྲུང་ཆིང་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་མངགས་ཡོད།

    རིམ་པ་མང་བའི་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ཐད། སྨར་ཁམས་རྫོང་གིས་ཕྱོགས་མང་པོ་ནས་མ་དངུལ་སྒོར་ཁྲི་235ལྷག་ཙམ་བརྩོན་ལེན་བྱས་ཏེ། གྲོང་ཚོ(སྡེ་ཁུལ)ཡི་ལས་བྱེད་པ་གཙོ་བོ་དང་ཞིང་འབྲོག་ཏང་ཡོན་སོགས་ཚོགས་སྤྱི་དུས་ཐོག་ཏུ་སྒྲིག་འཛུགས་འོས་འཚམ་བྱས་ནས་ཁྲུང་ཆིང་དང་ཡུན་ནན་སོགས་སུ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་སྤེལ་བར་བསྐྱོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།