བོད་ལྗོངས་མི་རིགས་སློབ་ཆེན་གྱི་2026ལོའི་སློབ་ཐོན་སློབ་མའི་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོགས་པ།
ཉེ་ཆར། “ང་ཚོ་མཉམ་དུ་ཧྲའན་ཤིས་སུ་ལས་ཞུགས་བྱེད་པའི”བོད་ལྗོངས་མི་རིགས་སློབ་ཆེན་གྱི་2026ལོའི་སློབ་ཐོན་སློབ་མའི་ཆེད་དོན་ལས་བསྡུའི་འདུ་ཚོགས་ཧྲའན་ཤིས་ཞན་དབྱང་དུ་འཚོགས་པ་དང་། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་གཙོ་གཉེར་བྱས་པ་དང་། ཞན་དབྱང་གྲོང་ཁྱེར་ཤེས་ལྡན་ཞབས་ཞུ་ལྟེ་གནས་ཀྱིས་གཉེར་རོགས་བྱས་པ་ཞིག་རེད།
སློབ་གྲྭས་ཧྲའན་ཤིས་སུ་ལས་ཞུགས་དང་ཧྲའན་ཤིས་ཀྱི་ལས་དོན་གྱི་སྟོན་ཕྱོགས་ལ་ཞབས་འདེགས་ཞུ་བར་དམ་པོར་དམིགས་ནས། ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་ཐོན་ལས་དང་ཁེ་ལས་རྩེ་གྲ་དང་གནད་སྨིན་འབྲེལ་མཐུད་བྱས་ཏེ། ཧྲའན་ཤིས་ཀྱི་ཁེ་ལས་རྩེ་གྲ་ཁྱོན་30ལས་བསྡུའི་འདུ་ཚོགས་ལ་གདན་དྲངས་ཤིང་། དེའི་ནང་རིག་གནས་ལུས་རྩལ་སློབ་གསོ་དང་། ནོར་ཁྲལ་རྩིས་གཉེར། སྨན་བཅོས་འཕྲོད་བསྟེན། བཅའ་ཁྲིམས་ཞབས་ཞུ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་དང་། རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གནས་ཁག་482མཁོ་འདོན་བྱས་ཡོད་པ་རེད།
ལས་བསྡུའི་འདུ་ཚོགས་འཚོག་ཡུལ་གྱི་སྒྲིག་ལམ་ཡག་ལ་རྣམ་པ་འཁྲུག་ཆ་དོད་ཅིང་། སློབ་ཐོན་སློབ་མ་ཚོས་ལག་ཏུ་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཁྱེར་ནས་ཁེ་ལས་ཀྱི་ལས་བསྡུའི་འགན་འཁུར་བ་དང་སྤེལ་རེས་ཧུར་ཐག་བྱས་ཏེ་ལས་གནས་ཀྱི་བླང་བྱ་དང་། འཕེལ་རྒྱས་ཀྱི་བར་མཐོངས། གླ་ཕོགས་ཕན་བདེ་སོགས་ཀྱི་ཆ་འཕྲིན་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། མི་སྤྱོད་ཚན་པ་ཁག་གིས་ངང་རྒྱུད་རིང་པོས་སྒྲོག་འགྲེལ་དང་དོགས་གནད་ལ་ལན་ཞིབ་ཚགས་བརྒྱབ་སྟེ། ཁེ་ལས་ཀྱི་ལེགས་ཆ་དང་ཤེས་ལྡན་པའི་དགོས་མཁོ་རང་འགུལ་ངང་ངོ་སྤྲོད་བྱས་ཡོད་པ་རེད།
བསྡོམས་རྩིས་ལ་གཞིགས་ན། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ལ་ཁྱོན་སློབ་མ་1300ལྷག་ཙམ་ཞུགས་ནས་ལོ་རྒྱུས་མདོར་བསྡུས་ཁག་630ལྷག་ཙམ་བསྐྱལ་བ་དང་། སློབ་ཐོན་སློབ་མ་110ལྷག་ཙམ་ས་ཡུལ་དངོས་ཀྱི་ངོ་རྒྱུགས་ལ་ཞུགས་པས། ཁེ་ལས་སུ་ཤེས་ལྡན་པ་བསྡུ་བ་དང་སློབ་མ་ཧྲའན་ཤིས་སུ་གཞིས་ཆགས་ནས་ལས་ཞུགས་ནུས་ལྡན་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།