དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་ལོ་འཁོར་དུ་རྒྱལ་ཡོངས་ཀྱི་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་3.38ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-13

    རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་ལོ་འཁོར་གྱི་དུས་ཚིགས་ཡག་ཤོས་སུ་སྟོན་འབྲུ་ཉོ་སྒྲུབ་བྱེད་པ་དེ་འདི་ལོའི་ཟླ་4པའི་ཟླ་མཇུག་ཏུ་མཇུག་འགྲིལ་བ་དང་། རྒྱལ་ཡོངས་ཀྱི་འབྲུ་རིགས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱིས་རིམ་རྩིས་བརྒྱབ་ན། སྟོན་འབྲུ་ཏུན་དུང་ཕྱུར་3.38ལྷག་ཙམ་ཉོ་སྒྲུབ་བྱས་པ་དེ་ཉེ་བའི་ལོ་ཤས་རིང་གི་ཅུང་མཐོ་བའི་ཆུ་ཚད་དུ་སླེབས་ཏེ་སྤྱིའི་ཆ་ནས་མྱུར་ཚད་མགྱོགས་པ་དང་། ཉོ་ཚོང་དར་བ། རིན་གོང་འཕར་བ་སོགས་ཀྱི་ཁྱད་ཆོས་མངོན་ཡོད།

    དུས་ཚིགས་ཡག་ཤོས་སུ་སྟོན་འབྲུ་ཉོ་སྒྲུབ་བྱེད་རིང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་སྤྱི་འདོམས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། གསོག་ཉར་སྙོམས་སྒྲིག་སྟབས་བསྟུན་བྱེད་པ། བྱ་ཐབས་མཉམ་སྤྱོད་ཀྱིས་ཐོན་ཚོང་སྦྲེལ་མཐུད་དང་ཞིང་ཁེ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། བྱེད་པོ་སྣ་ཚོགས་ཁྲོམ་རར་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཁྲོམ་རའི་ཉོ་ཚོང་གི་གསོན་ཤུགས་ཧུར་ཐག་འཕེལ་བ་བཅས་བྱས་ཏེ་ཉོ་སྒྲུབ་ལས་དོན་བདེ་བླག་ངང་སྤེལ་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། འབྲིང་སྨིན་འབྲས་དང་ཕྱི་སྨིན་འབྲས་ཏུན་དུང་ཕྱུར་1.03དང་། མ་རྨོས་ལོ་ཏོག་ཏུན་དུང་ཕྱུར་2.22 སྲན་ཆེན་ཏུན་ཁྲི་1299བཅས་ཉོ་སྒྲུབ་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། དུས་ཚིགས་འདིའི་སྟོན་འབྲུ་ཁྲོམ་རར་འདོན་སྔ་བ་དང་། སྤྱིའི་སྤུས་ཚད་ལེགས་པ། ཞིང་པས་འབྲུ་རིགས་འཚོང་འདོད་ཆེ་བ། ཁེ་ལས་ཀྱིས་ཧུར་ཐག་ཉོ་བ་བཅས་ཀྱི་ཉོ་ཚོང་གཉིས་དར་གྱི་རྣམ་པ་བཟང་པོ་མངོན་པ་དང་ཉོ་སྒྲུབ་ཀྱི་རིན་གོང་བརྟན་པོའི་ངང་འཕར་ཡོད། དེ་དང་ཆབས་ཅིག སྤུས་ཚད་ལེགས་ལ་རིན་གོང་འཚམ་པའི་ཁྱད་ཆོས་མངོན་གསལ་དོད་ལ། སྤུས་ལེགས་བཅུད་ལྡན་འབྲས་ཀྱི་རིན་གོང་ཏུན་རེར་སྒོར་3200ཟིན་པ་དང་སྤུས་ལེགས་སྤྲི་དཀར་མཐོ་བའི་སྲན་ཆེན་གྱི་རིན་གོང་ཏུན་རེར་སྒོར་5000ལྷག་ཙམ་ཟིན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།