2026ལོའི་ཀྲུང་ཨའི་དམངས་ཁྲོད་ཕི་ཁེ་སྤོ་ལོའི་མཐུན་འབྲེལ་འགྲན་བསྡུར་གཉེར་བ།
ཟླ་5ཚེས་9ཉིན། 2026ལོའི་ཀྲུང་ཨའི་དམངས་ཁྲོད་ཕི་ཁེ་སྤོ་ལོའི་མཐུན་འབྲེལ་འགྲན་བསྡུར་ཅང་ཤིས་ཀན་ཀྲོའུ་ཧྲང་ཡིའུ་རྫོང་དུ་གཉེར་བ་རེད། བྱེད་སྒོ་དེ་ནི་ཀྲུང་ཨའི“ལོ་ལྔའི་ཁྲི་ལྔའི”གྲོས་འགོ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་ཨའི་དམངས་ཁྲོད་འགྲོ་འོང་ལ་སྦྲེལ་ཟམ་གསར་པ་བསྐྲུན་ནས་ལང་ཚོའི་གསོན་ཤུགས་འཕེལ་བ་བྱ་རྒྱུ་དེ་རེད།
མཐུན་འབྲེལ་འགྲན་བསྡུར་ལ་ཆེད་ལས་ལྟ་སྦྱོང་འགྲན་བསྡུར་དང་། དམའ་རིམ་མཛའ་གྲོགས་འགྲན་བསྡུར། འབྲིང་རིམ་མཛའ་གྲོགས་འགྲན་བསྡུར་བཅས་ཚོགས་ཆུང་གསུམ་བཙུགས་ཡོད། ཀྲུང་གོར་ཡོད་པའི་ཨ་རིའི་སྒྲིག་གཞི་དང་ཁེ་ལས་ཀྱི་འཐུས་མི་དང་། ཡིའུ་ཐ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཕི་ཁེ་སྤོ་ལོའི་རུ་ཁག ཨོ་ལེ་ཀང་མཛའ་གྲོགས་ཕི་ཁེ་སྤོ་ལོའི་འཐུས་མི་ཚོགས་པ། དེ་བཞིན་ཀྲུང་གོའི་སྤོ་ལོ་བ་བཅས་འགྲན་བསྡུར་ལ་ཞུགས་པ་དང་ཚང་མས་འགྲན་ར་གཅིག་ཏུ་རུ་ཁག་བཙུགས་ནས་མཉམ་འདྲེས་འགྲན་བསྡུར་བྱས་ཏེ་ཕི་ཁེ་སྤོ་ལོའི་ལུས་རྩལ་གྱི་སྤྲོ་སྣང་ཉམས་སུ་མྱངས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཅང་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་ཅང་ཤིས་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། ཞིང་ཆེན་ལུས་རྩལ་ཅུས། ཀན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།