ཧྲང་ཧའེ་རུ་ནུས་གསར་རླངས་འཁོར་ཕྱིར་གཏོང་བྱེད་པར་བྲེལ།

ཉེ་ཆར། ཧྲང་ཧའེ་གྲུ་ཁའི་རླངས་འཁོར་གྲུ་ཁར་རྒྱལ་ནང་ནས་ཐོན་པའི་ནུས་གསར་རླངས་འཁོར་ཁག་གཅིག་གཅིག་རྗེས་གཉིས་མཐུད་དུ་གྲུར་བླུགས་ནས་མཚོ་ཐོག་ནས་ཕྱི་རྒྱལ་དུ་དབོར་བཞིན་ཡོད་པ་རེད། ད་ལོ་ནས་བཟུང་ཧྲང་ཧའེ་གྲུ་ཁས་འཁོར་འཇུག་དུས་གཏན་གྲུ་གཟིངས་ཀྱི་སྐྱེལ་འདྲེན་ལམ་ཐིག་མང་དུ་བཏང་བ་དང་འཁོར་རིགས་སྐྱེལ་འདྲེན་གྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་ནས་འབེབས་འཇུག་གི་ལས་རིམ་ལེགས་སུ་བཏང་སྟེ་ཕྱིར་གཏོང་འཁོར་རིགས་ཀྱི་གྲངས་འབོར་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་བྱས་ཡོད། འདི་ནི་ནུས་གསར་རླངས་འཁོར་འབོར་ཆེན་ཧྲང་ཧའེ་གྲུ་ཁའི་རླངས་འཁོར་གྲུ་ཁ་སོགས་སུ་གྲུར་བླུགས་ནས་ཕྱིར་གཏོང་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།