སློབ་གྲྭར་ལས་མི་བསྡུ་བའི་བྱེད་སྒོ་3600ལྷག་ཙམ་སྤེལ་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱས་པ།
ཉེ་ཆར། མི་སྤྱི་པུའུ་དང་སློབ་གསོ་པུས་པེ་ཅིང་གྲོང་ཁྱེར་གྱི་རྒྱལ་སའི་དཔལ་འབྱོར་ཚོང་དོན་སློབ་ཆེན་དུ“སློབ་གྲྭར་ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུ་སྤེལ་བའི་ཉིན་བརྒྱའི་བྱ་སྤྱོད”ཀྱི་ས་གནས་ས་ཐོག་གི་སྐུལ་སྤེལ་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་ཆུང་ལ་ལེགས་པའི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་ནས། གྲགས་ཅན་ཁེ་ལས་དང་བྱ་གཞག་ཚན་པ་70ལྷག་ཙམ་ཞུགས་པའི་ལས་དོན་སྒྲིག་འཛུགས་ཀྱིས་ལས་གནས་རྩེ་གྲ་1100མཁོ་འདོན་བྱས་ཡོད། མི་སྤྱི་ཅུས་ཀྱི་ཅུས་ཀྲང་གིས་མཐོ་སློབ་དང་ཆ་སྒྲིག་རོགས་སྐྱོར་བྱེད་པའི་གན་འཇོག་མཛད་སྒོ་འཚོགས་ཏེ། པེ་ཅིང་གྲོང་ཁྱེར་གྱི་ཆུས་དང་རྫོང་ཁག་གཅིག་གི་མི་སྤྱི་ཅུས་ཀྱི་ཅུས་ཀྲང་དང་པེ་ཅིང་བཟོ་ཚོང་སློབ་ཆེན་དང་པེ་ཅིང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་གླིང་སོགས་མཐོ་སློབ་5དང་ཆ་སྒྲིག་གི་གྲོས་མཐུན་བཞག་ནས། གནས་གཏན་འཁེལ་གྱི་འབྲེལ་གཏུག་དང་ཁ་ཕྱོགས་གཏན་འཁེལ་གྱི་ཞབས་འདེགས་ཞུས་པ་རེད། མཐོ་སློབ་ཀྱི་ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་ས་ཚིགས་མཉམ་དུ་སྐྲུན་པའི་གན་འཇོག་མཛད་སྒོ་འཚོགས་ནས། པེ་ཅིང་གྲོང་ཁྱེར་མི་སྤྱི་ཅུས་དང་རྒྱལ་སའི་དཔལ་འབྱོར་ཚོང་དོན་སློབ་ཆེན་དང་བྱང་ཕྱོགས་བཟོ་ལས་སློབ་ཆེན་སོགས་མཐོ་སློབ་5གན་རྒྱ་འཇོག་པའི་ལས་དོན་སྒྲིག་འཛུགས་བྱས་ནས། སྲིད་ཇུས་གསལ་འགྲེལ་དང་། ལས་འཚོལ་བར་མཛུབ་ཁྲིད། ལས་བསྡུའི་ལས་དོན་སྦྲེལ་མཐུད་སོགས་ཀྱི་ཞབས་ཞུ་སློབ་གྲྭར་སྤེལ་བར་སྐུལ་འདེད་བཏང་ཡོད། ཞིང་ཆེན་ཁག་གི་མི་སྤྱིའི་སྡེ་ཚན་དང་སློབ་གསོའི་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དྲ་ཐོག་ནས་ས་གནས་ས་ཐོག་ཏུ་སྐུལ་སྤེལ་གཏོང་བའི་བྱེད་སྒོར་ཞུགས་ཡོད་པ་དང་། ཧོ་པེ་དང་། ཨན་ཧུའེ། ཁྲུང་ཆིང་བཅས་ཞིང་ཆེན(གྲོང་ཁྱེར)གསུམ་གྱིས་བརྙན་ལམ་ཐོག་ནས་ས་གནས་དེ་གའི་བྱེད་སྒོ་སྤེལ་ཚུལ་སྤེལ་རེས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་1ཉིན་ནས“སློབ་གྲྭར་ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུ་སྤེལ་བའི་ཉིན་བརྒྱའི་བྱ་སྤྱོད”སྤེལ་འགོ་ཚུགས་ཚུན། ས་གནས་ཁག་གི་མི་སྤྱིའི་སྡེ་ཚན་གྱིས་སློབ་གསོའི་སྡེ་ཚན་དང་མཉམ་ལས་དམ་ཟབ་བྱས་ཏེ་བྱ་སྤྱོད་མགྱོགས་མྱུར་སྤེལ་བས་ཕན་འབྲས་རགས་ཙམ་ཐོན་ཡོད། ས་གནས་ཁག་ཏུ་སློབ་གྲྭར་ལས་མི་བསྡུ་བའི་བྱེད་སྒོ་ཁྱོན་3600ལྷག་ཙམ་སྤེལ་བ་དང་། ལས་རིགས་ཀྱི་མཛུབ་ཁྲིད་ཐེངས་2753བྱས་པ། མི་སྤྱི་ཐིང་གི་ཅུས་ཀྲང་གིས་མཐོ་སློབ་479དང་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།