དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “གོ་ལ་ཧྲིལ་པོའི་མཚོ་གཏིང་འཚོལ་ཞིབ་འཆར་གཞིའི”ཞི་བདེ་རྒྱ་མཚོ་ཆེན་པོ་བརྒལ་བའི་ཚན་རིག་རྟོག་ཞིབ་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-13

    ཚེས་10ཉིན“འབད་འཐབ་པ”རྟགས་ཅན་གྱི་མི་ཞུགས་མཚོར་འཛུལ་ཡོ་བྱད་བླུགས་པའི“འཚོལ་ཞིབ་ཨང་དང་པོ་རྟགས་ཅན”གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཀོང་ཏུང་ཀོང་ཀྲའོ་རུ་འབྱོར་བ་དེ་ཐོག་ནས་རང་རྒྱལ་གྱིས་སྣེ་ཁྲིད་སྒྲིག་འཛུགས་བྱས་པའི“གོ་ལ་ཧྲིལ་པོའི་མཚོ་གཏིང་འཚོལ་ཞིབ་འཆར་གཞི”ཞི་བདེ་རྒྱ་མཚོ་ཆེན་པོ་བརྒལ་བའི་ཚན་རིག་རྟོག་ཞིབ་ལེགས་གྲུབ་བྱུང་བ་མཚོན་ཡོད། གྲུ་གཟིངས་བཏང་ནས་འཚོལ་ཞིབ་བྱེད་རིང་། ཀྲུང་གོ་དང་ཆི་ལིའི་ཨ་ཐ་ཁ་མ་མཚོ་རོང་གི་མཉམ་འབྲེལ་གཏིང་འཛུལ་ལས་འགན་ཡང་འགོ་ཐོག་མ་ཚུགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གྲུ་གཟིངས་དེ་2025ལོའི་ཟླ་12ཚེས་6ཉིན་ཧེ་ནན་སན་ཡཱ་ནས་གཏོང་འགོ་ཚུགས་པ་དང་། ཉིན་156རིང་ལ་ཁྱོན་སྤྱི་ལེ་ཁྲི་4ལྷག་ཙམ་བསྐྱོད་པ་རེད། ཀྲུང་གོ་དང་། ཆི་ལི། འཇར་མན། ཏེན་མག ཁ་ན་ཏ། སི་ཕེན་སོགས་རྒྱལ་ཁབ་6གི་ཚན་རིག་རྟོག་ཞིབ་རུ་མི་83གྱིས་ཨ་ཐ་ཁ་མཱ་མཚོ་རོང་དང་མོ་ཧྲའོ་མཚོ་རོང་གི་གཏིང་མཐའི་སྐྱེ་དངོས་སྣ་མང་རང་བཞིན་དང་། བྲག་ལེབ་ཐུར་རྡེབ་ལམ་སྲོལ་སོགས་གྲོས་གཞི་གསར་ཤོས་ལ་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱས་པ་རེད།

    གྲུ་གཟིངས་དེའི་ནང“འབད་འཐབ་པ”རྟགས་ཅན་གྱིས་མཚོའི་ནང་ཐེངས་63འཛུལ་བ་དང་། མཚོ་གཏིང་སྨི་6000ཡན་དུ་མཚོར་ཐེངས་50འཛུལ་བར་སྐྱེ་དངོས་ས་གཤིས་ཀྱི་དངོས་དཔེ་དང་རབ་གསལ་བརྙན་པར་འབོར་ཆེན་ལེན་ཡོད་པ་རེད། ཚན་རིག་རྟོག་ཞིབ་རུ་མིས་སའི་གོ་ལའི་ཕྱེད་ལྷོ་མ་ནས་གཏིང་ཟབ་ཤོས་ཀྱི་རྫས་ནུས་སྐྱེ་ཁམས་མ་ལག་ཐོག་མར་ཤེས་རྟོགས་ཐུབ་ནས“གོ་ལ་ཧྲིལ་པོ་ཅན་གྱི་ནུས་པའི་ཚེ་སྲོག་གི་བར་མཐོངས”ཀྱི་རྫུན་མར་དཔང་རྟགས་གལ་ཆེན་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།