གྲངས་རིག་གིས་མཐུན་རྐྱེན་སྦྱར་བས་པེ་ཅིང་ཁྲའོ་དབྱང་ཆུས་ཀྱི་དུས་ཚིགས་དང་པོའི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་5.3%འཕར་བ།
གྲངས་གཞི་བེད་སྤྱོད་དང་ཞབས་ཞུའི་ལས་རིགས་འཕེལ་བར་བྱེད་པ།

པེ་ཅིང་གྲངས་འཛིན་དཔལ་འབྱོར་རྩིས་ནུས་ལྟེ་གནས་ཀྱི་འགྲེམས་ཁང་ཡིན་པ།
ཁྲའོ་དབྱང་ཆུས་སུ་གནས་པའི་པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་རྩད་ཞིབ་ཐིག་ལེན་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་འགན་འཁྲི་ཀུང་སིར་སྐྱོད་སྐབས་ཡིག་ཚགས་སྒམ་གྲལ་སྟར་འགྲིག་ལ། ད་དུང་ཅུང་སེར་པོར་གྱུར་པའི་དཔེ་རིས་དང་། ལག་བྲིས་སྙན་ཞུ། གསོག་ཉར་སྲ་སྡེར་ལ་སོགས་ཀྱང་མང་པོ་ཡོད་པ་མཐོང་བྱུང་།
གྲངས་རིག་གིས་མཐུན་རྐྱེན་སྦྱར་ནས་ཐལ་རྡུལ་གྱིས་འཚོས་པའི་གྲངས་གཞི་བེད་སྤྱོད་ཐུབ་པར་བྱས་ཤིང་། ཀུང་སིས་ཤོག་ཐོག་གི་རྩད་ཞིབ་གྲངས་གཞི་ལེགས་སྒྲིག་བྱས་ནས་རྩད་ཞིབ་གྲངས་གཞི་ཆེན་པོའི་སྤྲིན་སྟེགས་བཏོད་པ་མ་ཟད། དབང་ཆ་གཏན་འཁེལ་དང་། སྒྲིག་སྲོལ་དང་མཐུན་པ། ཚོར་སྐྱེན་ལས་གཡོལ་བ་སོགས་ཀྱི་གོ་རིམ་རབ་དང་རིམ་པ་བརྒྱུད་ཡིག་ཚགས་སྒམ་ནང་གི་དཔྱད་གཞིའི་ཡིག་རིགས་བེད་སྤྱོད་ཡག་པོ་བཏང་མཐར་པེ་ཅིང་རྒྱལ་སྤྱིའི་གྲངས་གཞི་ཆེན་པོའི་ཉོ་ཚོང་ཁང་གི་གྲངས་གཞིའི་རྒྱུ་ནོར་ཐོ་འགོད་དཔང་ཡིག་རག་པ་མ་ཟད། ད་དུང་ཚན་ཞིབ་ཁང་ཞིག་དང་མཉམ་ལས་གཏིང་ཟབ་བྱས་པ་རེད།
གྲངས་གཞི་བཀོལ་སྤྱོད་བྱེད་དགོས་ན་གྲངས་གཞི་འཁོར་སྐྱོད་ཡོང་བར་བྱེད་དགོས། དུས་ཡུན་རིང་པོའི་ནང་གྲངས་གཞི་རྒྱལ་སྒྲོལ་འཁོར་རྒྱུག་བྱེད་པ་ནི་དཀའ་གནད་ཅིག་རེད། སྒྲིག་སྲོལ་དང་མཐུན་པའི་སྙན་ཞུའི་དཔྱད་གཞི་མང་བ་དང་། བརྒྱུད་རིམ་རིང་བ། འགྲོ་གྲོན་མཐོ་བ་བཅས་ཀྱི་དབང་གིས་ཁེ་ལས་མི་ཉུང་བ་ཞིག་གིས་ཤེས་ཀྱང་ཕྱིར་བཤོལ་རྒྱག་གི་ཡོད།
2024ལོའི་ཟླ་10པར། པེ་ཅིང་ཁྲའོ་དབྱང་རྒྱལ་སྤྱིའི་གྲངས་གཞིའི་རྒྱལ་སྒྲོལ་ཞབས་ཞུའི་ལྟེ་གནས་དྲ་ཐོག་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། དེ་ནི་ཁྲའོ་དབྱང་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ་དང་། ཅིང་མིན་གྲངས་འཛིན་ཚན་རིག(པེ་ཅིང)ཚད་ཡོད་ཀུང་སིས་མ་འཇོག་བྱས་ནས་བསྐྲུན་པའི་ཞབས་ཞུའི་ལས་སྟེགས་དེས་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གལ་ཆེན་དབྱེ་འབྱེད་དཀར་ཆག་དང་དེ་བཞིན་འབྲེལ་ཡོད་ཚད་གཞི་གཞིར་བཟུང་ཁེ་ལས་ཀྱི་གྲངས་གཞིར་རིག་ནུས་རིགས་དབྱེ་དང་དབྱེ་འབྱེད་བྱེད་པ་དང་། རང་འགུལ་ངང་རེ་ཞུའི་ཐབས་ལམ་བརྡར་ཤ་གཅོད་པ། མཐེབ་གནོན་གཅིག་གིས་རེ་ཞུའི་དཔྱད་གཞི་གྲུབ་ཀྱི་ཡོད།
རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་བུད་མེད་དང་བུ་བཙའི་སྨན་ཁང་གི་ཚད་བརྒལ་སྒྲ་རླབས་གསོ་རིག་གཟུགས་བརྙན་གྲངས་གཞི་དེ་རྒྱལ་མཚམས་བསྒྲལ་ནས་རྒྱལ་སྤྱིའི་ཚན་ཞིབ་མཉམ་ལས་ཐད་སྤྱོད་དགོས་ཀྱི་ཡོད། “ང་ཚོའི་ཞབས་ཞུ་བརྒྱུད་ཕར་ཕྱོགས་ཀྱིས་དཔྱད་གཞིའི་ཡིག་རིགས་ཕུལ་ཐེངས་དང་པོར་རེ་བ་སྐོང་ཐུབ་པ་དང་ཐོ་འགོད་སྙན་སེང་གི་དུས་ཡུན་ལས་ཀའི་ཉིན་7ནས་ལས་ཀའི་ཉིན་5བར་ཐུང་དུ་ཕྱིན་ཡོད”ཅེས་ཅིང་མིན་གྲངས་འཛིན་ཚན་རིག(པེ་ཅིང)ཚད་ཡོད་ཀུང་སིའི་གྲངས་གཞིའི་རྒྱུ་རྐྱེན་ལྟེ་གནས་ཀྱི་ཀྲུའུ་རེན་ཧོང་ཝུན་ཏན་གྱིས་བརྗོད་པ་དང་། ཁོང་གིས། ལྟེ་གནས་སྤྱད་རྗེས་གྲངས་གཞིའི་རྒྱལ་མཚམས་སྒྲོལ་བའི་ལས་སྒོའི་སྤྱི་ཡོངས་ཀྱི་ཞབས་ཞུའི་ཕན་འབྲས་40%ཡན་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
གྲངས་རིག་གིས་མཐུན་རྐྱེན་སྦྱར་བས་ཞབས་ཞུའི་ལས་རིགས་ཀྱི་བྱེད་ནུས་ཆེ་རུ་དང་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་ཐུབ་པ་དང་། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཁེ་ལས་སྤུས་ལེགས་སྔར་ལས་མང་བའི་ཡིད་དབང་འགུག་བཞིན་ཡོད། པེ་ཅིང་གྲངས་འཛིན་དཔལ་འབྱོར་རྩིས་ནུས་ལྟེ་གནས་དང་། པེ་ཅིང་རྒྱལ་སྤྱིའི་གྲངས་གཞི་ཆེན་པོའི་ཉོ་ཚོང་ཁང་། པེ་ཅིང་གྲངས་གཞི་ཚོགས་པ་སོགས་ཁྲའོ་དབྱང་ཆུས་སུ་གནས་པ་མ་ཟད། དེ་བཞིན་ད་ལོའི་ཟླ་3ཚེས་30ཉིན་འཛམ་གླིང་གྲངས་གཞི་རྩ་འཛུགས་ཀྱང་ཁྲའོ་དབྱང་ཆུས་སུ་གཞིས་ཆགས་ཡོད། གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོར་ཁྲའོ་དབྱང་ཆུས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་2311.8ཟིན་པ་དེ་དུས་མཚུངས་ལས་5.3%འཕར་ཡོད།
ཁྲའོ་དབྱང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཞའོ་ཅེ་ཡིས“ང་ཚོས་ནུས་ཤུགས་ཡོད་རྒུས་གྲངས་གཞིའི་ཚོང་དོན་ཁུལ་གཏོད་བཞིན་ཡོད”ཅེས་བརྗོད་པ་དང་། ཁོང་གིས“རང་ངོས་ཀྱི་ངེས་གནས་ཡང་དག་འཚོལ་བ་དང་། འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་བཟོ་བ། འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བཅས་བྱས་ཏེ། གས་ཚད་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་གཞིའི་ཞབས་ཞུའི་མཐོ་ས་གང་མགྱོགས་སྐྲུན་གྱི་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།