དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དུས་ཚིགས་དང་པོར་བོད་ལྗོངས་ཀྱི་སྨན་རྒྱུ་ནང་འདྲེན་གྱི་ཚོང་དོན་རྣམ་པ་ལེགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-13

    2026ལོའི་དུས་ཚིགས་དང་པོར་བོད་ཀྱི་འགག་སྒོ་ནས་ནེ་པ་ལའི་རྩི་ཤིང་རིགས་ཀྱི་སྨན་རྒྱུ་ཏུན་27.05ནང་འདྲེན་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་189.06%འཕར་བ་དང་། སྨན་རྒྱུ་ནང་འདྲེན་གྱི་ཚོང་དོན་འགོ་ཚུགས་བཀྲ་ཤིས་བྱུང་ནས། བོད་ཀྱི་བོད་སྨན་ཐོན་ལས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྦྱིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ཚན་ཞིབ་ཁང་དང་སུའོ། ཁེ་ལས་བཅས་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ། ནེ་པ་ལའི་སྨན་སྤྱོད་རྩི་ཤིང་རིགས་ལ་བརྟག་དཔྱད་བྱེད་པ་དང་། སྨན་རྒྱུའི་ཐོན་ཁུངས་ཀྱི་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱི་ཐོན་སྐྱེད་རྒྱུ་ཆའི་དགོས་མཁོ་མཐིལ་རྟོགས་བྱེད་པ། སྨན་རྒྱུ་ནང་འདྲེན་གྱི་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་དང་གསལ་འགྲེལ་བཅས་བྱས་ནས། ཕྱི་རྒྱལ་གྱི་སྤུས་ལེགས་སྨན་རྒྱུ་ནང་འདྲེན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། ཆོག་མཆན་ཐོབ་པའི་ནེ་པ་ལའི་ནང་འདྲེན་སྨན་རྒྱུ་2023ལོའི་སྣ་ཁ་16ནས་སྣ་ཁ་31བར་མང་དུ་ཕྱིན་པ་དང་། འགག་སྒོ་ནས་དེབ་སྐྱེལ་ཐོ་འགོད་ཟིན་པའི་ནེ་པ་ལའི་སྨན་རྒྱུ་ཐོན་སྐྱེད་ལས་སྣོན་ཁེ་ལས་ཀྱང་4ནས་ཁེ་ལས་10བར་མང་དུ་ཕྱིན་ཡོད་པ་རེད།

    བོད་ལྗོངས་ལྷ་ས་འགག་སྒོའི་སྲོག་ཆགས་དང་སྐྱེ་དངོས་དང་ཟས་རིགས་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཁྲུའུ་ཡི་འགན་ཁུར་བ་ཀུའོ་ཞུང་གིས་ངོ་སྤྲོད་བྱས་པར། སྨན་རྒྱུ་བདེ་འཇགས་ནུས་ཆེའི་ངང་འགག་སྒྲོལ་ཐུབ་པའི་འགན་ལེན་བྱ་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་གནོད་ལྡན་སྐྱེ་དངོས་ལ་གྲལ་བཤེར་ཏན་ཏིག་བྱས་ཏེ་ཕྱི་ཕྱོགས་ཀྱི་གནོད་ལྡན་སྐྱེ་དངོས་ཁྱབ་རྒྱུ་གཏན་འགོག་བྱས་པ་དང་ཆབས་ཅིག སྤུས་ཚད་དང་བདེ་འཇགས་ཀྱི་འགག་སྒོ་ནན་པོར་བསྲུངས་ནས། འགག་སྒྲོལ་ནུས་ཆོད་དེ་བས་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།