མཚོ་སྔོན་གྱི“ངས་མཚོ་སྔོན་གྱི་ཚོང་ཟོག་ཡག་པོ་འཚོང་བའི”བྱེད་སྒོ་དངོས་སུ་སྤེལ་བ།
མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ཟླ་5ཚེས་10ཉིན་འཚོགས་པའི་2026ལོའི་འཛམ་གླིང་སྤུས་རྟགས་མོ་ཀན་རི་བོ་ཚོགས་ཆེན་གྱི་མཚོ་སྔོན་ཆེད་དོན་རིམ་འདས་ཡོངས་བསྒྲགས་ཚོགས་འདུར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་དང་མཚོ་སྔོན་རོགས་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་དྲུག་པས་མཉམ་དུ་སྐུལ་འདེད་བཏང་བའི“ངས་མཚོ་སྔོན་གྱི་ཚོང་ཟོག་ཡག་པོ་འཚོང་བའི”བྱེད་སྒོ་སྤེལ་འགོ་ཚུགས་པ་ལས། མཚོ་སྔོན་གྱི་ཁྱད་ལྡན་སྤུས་རྟགས་འོས་སྦྱོར་བྱ་བ་དེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་ནང་གཏིང་ཟབ་ཁྱབ་པ་དང་། བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཁྱབ་ཁོངས་ཡོངས་ལ་ཁྱབ་པ་བཅས་ཀྱི་ཕུགས་ཕན་གྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་ལས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་མཉམ་ལས་ལ་མཐུན་རྐྱེན་སྦྱར་ནས་གཞི་རྟེན་གསར་པ་འཕེལ་རྒྱས་བཏང་བ་དང་། ཀྲེ་ཅང་གི་མཚོ་སྐྱོར་བཀོད་འདོམས་པུའུ་ཡིས་སྔོན་ལ་དཔེ་སྟོན་དང་ཚད་ཤིང་སྣེ་ཁྲིད་ཀྱིས་རོགས་སྐྱོར་བྱ་ཡུལ་མཚོ་སྔོན་གྱི་སྤུས་རྟགས་མཉམ་འགུལ་གྱི་ལས་དོན་ལ་མིག་དཔེ་བཟང་པོ་བཏོད་ཡོད་པ་རེད། ཡོངས་བསྒྲགས་ཚོགས་འདུར་ཀྲེ་ཅང་གི་མཚོ་སྐྱོར་བཀོད་འདོམས་པུའི་བཀོད་འདོམས་པ་ཡའོ་ཧའེ་ཐའོ་ཡིས། ཀྲེ་ཅང་གིས་རྒྱབ་ཕྱོགས་དང་མདུན་ཕྱོགས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱི་འདོམས་ངང་བཏོན་ནས“ཀྲེ་ཅང་གི་ཚོང་པ་མཚོ་སྔོན་དུ་འོང་བ”དང“མཚོ་སྔོན་གྱི་ཚོང་ཟོག་ཡག་པོ་ཀྲེ་ཅང་དུ་འཚོང་བར”སྐུལ་འདེད་བཏང་ཚུལ་ངོ་སྤྲོད་བྱས་པ་མ་ཟད། མཚོ་སྔོན་གྱི་ཚོང་ཟོག་ཡག་པོ“མཚོ་སྔོན་ནས་ཕྱིར་ཚོང”བྱེད་མཁན་འབྲེལ་གཏུག་པ་དང་འགྲེམ་འཚོང་བ་ཡག་པོ་བྱས་ནས། མཚོ་སྔོན་གྱིས“གདོད་མའི་སྐྱེ་ཁམས་ཐོན་རྫས་ཕྱིར་གཏོང”ནས“སྤུས་ཚད་མཐོ་བ་དང་། ཟུར་སྣོན་རིན་ཐང་ཆེ་བ། སྤུས་རྟགས་ཅན་བཅས”སུ་རིམ་པ་སྤོར་བར་རམ་འདེགས་བྱས་ཏེ། “སུས་ཀྱང་མི་ཤེས་པ”ནས“གང་སར་སྐད་གྲགས་ཆོད་པར”འགྱུར་བར་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཐོན་རྫས་སྤུས་ལེགས་ཁུལ་དང་། ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་སྟོན་ཁུལ། མཚོ་ནུབ་ཀྲོའུ་ཡི་ཁྱད་ལྡན་ཐོན་ལས་འགྲེམས་ཁུལ་བཅས་བཙུགས་ནས་ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་སོགས་ཀྱི་བཟོ་ལས་ཐོན་རྫས་དང་། ཆུ་གྲང་ཉ་སན་ཝུན་དང་། སྦྲང་རྩི། ནས་ཆང་། ཚགས་ཤ སྐྱེ་ལྡན་འདྲེ་ཚེར་མ་སོགས་ཁྱད་ལྡན་འབྲོག་ལས་ཐོན་རྫས་ཆ་ཚང་པོ་འགྲེམས་སྟོན་བྱས་ཡོད་ལ། ཀྲེ་ཅང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལས་ཀའི་ཕན་འབྲས་དང་། མཉམ་ལས་མཉམ་སྐྲུན་གྱི་གྲུབ་འབྲས། མིང་མཉམ་བཀོད་ཀྱི་ཁྱད་ལྡན་ཐོན་རྫས་བཅས་གཅིག་སྡུད་ཐོག་བཏོན་པ་མ་ཟད། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། ནུས་རྒྱུ་གཙང་མ། སྐྱེ་ཁམས་ཡུལ་སྐོར། སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་སོགས་མཚོ་ནུབ་ཀྱི་ལེགས་ཆའི་ཐོན་ལས་དང་དེ་བཞིན“ངོ་མཚར་ཆེ་བའི་ཚྭ་འདམ”ས་ཁོངས་ཀྱི་སྤུས་རྟགས་དང་། 《བླ་ཤིང》གི་IPགྲུབ་འབྲས། རིག་གནས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ ཐོན་ལས་མ་འཇོག་གི་རིན་ཐང་བཅས་ཕྱོགས་ཡོངས་ནས་འོས་སྦྱོར་བྱས་པ་དང་སྦྲགས། ལེ་ལག་ཚང་བའི་ངོ་འཕྲད་གྲོས་མོལ་བྱ་ཡུལ་བཙུགས་ཏེ་མཚོ་སྔོན་གྱི་ཚོང་ཟོག་ཕྱིར་གཏོང་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་བཅས་ཡོང་བར་ལས་སྟེགས་སྤུས་དག་ཅིག་ཀྱང་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།