དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ས་མཐོར་གསོ་རླུང་ཀུན་ཁྱབ་ཀྱི་ཡུལ་སྐོར་དམངས་ཕན་ཞབས་ཞུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-13

    མཚོ་སྔོན་གྱིས་ས་མཐོའི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་རིམ་པ་སྤོར་བར་གཞི་ཚུགས་ཏེ། ཉིན་ཤས་གོང་གསོ་རླུང་ཀུན་ཁྱབ་ཀྱི་ཡུལ་སྐོར་དམངས་ཕན་ཞབས་ཞུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། ཞབས་ཞུ་དེས་མཚོ་སྔོན་གྱི་ས་མཐོའི་ཡུལ་སྐོར་ཞབས་ཞུའི་འགན་ལེན་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།

    མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་ཁེ་ལས་ལ་བརྟེན་ནས་ས་མཐོའི་ཡུལ་སྐོར་གྱི་འཁོར་འབྲེལ་ཧྲིལ་པོ་དང་ཕྱོགས་ཡོངས་ལ་ཁྱབ་པའི་བདེ་ཐང་འགན་སྲུང་མ་ལག་བཏོད་ཡོད། དུས་འགོར་ཁྲོམ་རར་བཏོན་པའི་འཁྱེར་བདེའི་གསོ་རླུང་རྔུབ་ཆས་དེ་ནི་ཆུང་ལ་འཁྱེར་བདེ་བ་དང་། བརྟན་ཞིང་ནུས་ཆེའི་ངང་གསོ་རླུང་མཁོ་འདོན་ཐུབ་པ། སྤྱོད་ཡུན་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པས། ཁྲག་ནང་གི་གསོ་རླུང་འདུས་ཚད་གང་མགྱོགས་མཐོ་རུ་གཏོང་ཐུབ་པ་དང་ས་མཐོར་མ་འཕྲོད་པའི་གནས་ཚུལ་ཞི་ལྷོད་དུ་གཏོང་ཐུབ་ཀྱི་ཡོད་པ་རེད། གསོ་རླུང་ཁ་གསབ་ཀྱི་འབྲེལ་ཡོད་ཞབས་ཞུ་མཚོ་སྔོན་གྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། གསོལ་མགྲོན་ཁང་ཁག་གཅིག འགྲིམ་འགྲུལ་གྱི་ལྟེ་གནས་བཅས་སུ་ཁྱབ་ཡོད་པ་མ་ཟད། ཟི་ལིང་གནམ་ཐང་དང་། ཚྭ་ཁ། གངས་དཀར་རི་བོ་སོགས་གཙོ་གནད་གནས་ཡུལ་དུའང་ཁྱབ་ཡོད་པ་རེད། ཡུལ་སྐོར་བས་རིག་ནུས་མཉམ་སྤྱོད་ཟོག་སྒྲོམ་འཕྲུལ་འཁོར་བརྒྱུད་ཨང་རྟགས་བཤེར་ན་ལམ་སེང་ལེན་ཐུབ་པ་དང་ཕྱིར་སློག་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།