དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དུས་ཚིགས་དང་པོར།

    ​མཚོ་སྔོན་གྱི་དམངས་འཚོ་འགན་སྲུང་བྱ་ཚུལ་ལེགས་སུ་ཕྱིན་པ་དང་ལྗང་མདོག་ཞིང་འབྲོག་གི་འཕེལ་ཕྱོགས་ཡག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-12

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་7ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་གནས་ཚུལ་འབྱོར་བར་གཞིགས་ན། དུས་ཚིགས་དང་པོར། ཞིང་ཆེན་ཡོངས་ཀྱིས་དམངས་འཚོའི་གཏོང་སྒོ་འགན་སྲུང་དང་ལེགས་སུ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས། དམངས་འཚོའི་བྱ་བ་དངོས་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད། ཁྲལ་བསྡུའི་གྲངས་གཞི་ལས་མངོན་པར། ཞིང་ཆེན་ཡོངས་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་ཡག་པོ་བྱུང་བ་མ་ཟད། དམངས་འཚོར་འགན་སྲུང་བྱེད་ཤུགས་ཀྱང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    དུས་ཚིགས་དང་པོར། ཞིང་ཆེན་ཡོངས་ཀྱི་རྒན་རྒོན་དང་དབང་སྐྱོན་ལ་བདག་སྐྱོང་དང་། བདེ་ཐང་བློ་འདྲི། སློབ་ཞུགས་གོང་གི་སློབ་གསོ་སོགས་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་གཉེར་སྐྱོང་བྱེད་པོའི་འཛིན་ཤོག་སྤྲད་དེ་ཕྱིར་ཚོང་བྱས་པའི་ཡོང་འབབ་11.9%དང་། 19.1% 34.1%སོ་སོར་འཕར་ནས། སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། གཉེན་སྟོན་དང་། ཁྱིམ་ལས། ལུས་གསོ་བདེ་སྲུང་། གཙང་སྦྲ་སོགས་གྲོང་མིའི་ཞབས་ཞུའི་ལས་རིགས་རྒྱུན་མཐུད་དེ་གྲངས་ཚད་མང་དུ་དང་སྤུས་ཚད་ལེགས་སུ་ཕྱིན་པ་དང་། འབྲེལ་ཡོད་གཉེར་སྐྱོང་བྱེད་པོའི་འཛིན་ཤོག་སྤྲད་དེ་ཕྱིར་ཚོང་བྱས་པའི་ཡོང་འབབ་དུས་མཚུངས་ལས་7.7%དང་། 10.5% 21.9% 54.9% སོ་སོར་འཕར་ནས། གྲོང་མིའི་འཚོ་བའི་ཞབས་ཞུའི་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། ཞིང་ཆེན་ཡོངས་ཀྱིས་འགན་བཅོལ་ནང་ཞུགས་རྒྱ་ཆེ་རུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་པས། དུས་ཚིགས་དང་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཀྱི་གྲོན་འཇལ་དངུལ་འབོར་དུས་མཚུངས་ལས་2.4%དང་། 6.9% 13.1% 16.5% སོ་སོར་འཕར་ནས། སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་འགན་སྲུང་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།

    དུས་ཚིགས་དང་པོར། ཞིང་ཆེན་ཡོངས་ཀྱི་ཞིང་ནགས་ཕྱུགས་ཉའི་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ལས་རིགས་ཀྱི་འཛིན་ཤོག་སྤྲད་དེ་ཕྱིར་ཚོང་བྱས་པའི་ཡོང་འབབ་དུས་མཚུངས་ལས་13.8%འཕར་བ་དང་། ཞིང་འཕྲུལ་ཉོས་པའི་སྤ་སེའི་དངུལ་གྲངས་དུས་མཚུངས་ལས་9.8%འཕར་བ། མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུ་ཉོས་པའི་འཛིན་ཤོག་དངུལ་འབོར་དུས་མཚུངས་ལས་ལྡབ་1.9འཕར་ཡོད།

    ཞིང་ཆེན་ཡོངས་ཀྱི་ཞིང་ནགས་ཕྱུགས་ཉའི་ལས་རིགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོའི་ཞིང་ཆེན་ཕྱི་ནས་འཛིན་ཤོག་སྤྲད་དེ་ཕྱིར་ཚོང་བྱས་པའི་ཡོང་འབབ་དུས་མཚུངས་ལས་34.4%འཕར་བ་དང་། ཟླ་བ་དང་པོ་དང་གཉིས་པར། མཚོ་སྔོན་གྱིས་གྲང་ཆུའི་ཉ་སལ་མོན་དང་དེ་བཞིན་འབྲེལ་ཡོད་ཐོན་རྫས་སྒོར་ཁྲི་8902.1རི་བ་ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་29.4%འཕར་ཡོད་པ་དང་། དེའི་ནང་འཁྱགས་པ་བཏང་བའི་ཉ་སལ་མོན་གྱི་ཕྱིར་གཏོང་རིན་ཐང་གིས་ཀྲུང་གོའི་རིགས་མཐུན་ཐོན་རྫས་ཀྱི་99.1%བཟུང་བ་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ནས། དམངས་འཚོ་འགན་སྲུང་ལ་ཐོན་རྫས་ཀྱི་འདེགས་སྐྱོར་བརྟན་པོ་བྱུང་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།