དབུ་ཤོག
  • ས་མཐོའི“བྱམས་སེམས་ཅན་གྱི་ཨ་མ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-12


    འདི་ནི་ཟླ་5ཚེས་9ཉིན། རྣམ་རྒྱལ་སྒྲོལ་མས(གཡས་ཀྱི་གཉིས་པ)ཕྲུ་གུ་ཚོ་དང་མཉམ་དུ་མིག་མངས་རྩེ་བཞིན་པ།

    འདི་ནི་ཟླ་5ཚེས་9ཉིན། རྣམ་རྒྱལ་སྒྲོལ་མས་མ་ཡུམ་དུས་ཆེན་ཉིན་འབྱོར་བའི་ལག་རྟགས་སྟོན་བཞིན་པ།

    མ་ཡུམ་དུས་ཆེན་གྱི་སྔ་ནུབ་ཏུ། བོད་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་གི“བྱམས་སེམས་ཅན་གྱི་ཨ་མ”རྣམ་རྒྱལ་སྒྲོལ་མར་ཕྲུ་གུ་ཚོས་ཕུལ་བའི་ཁ་བཏགས་དང་། མེ་ཏོག་སོས་པ། ཨ་ལད་པད་གོག་བཅས་ལག་འབྱོར་བྱུང་ནས། ཁོང་མོའི་སེམས་པ་ཚ་སོབ་སོབ་ཏུ་གྱུར་ཡོད། ད་ལོ་ལོ་35ལ་སླེབས་པའི་རྣམ་རྒྱལ་སྒྲོལ་མ་2019ལོར་བོད་རང་སྐྱོང་ལྗོངས་ཕན་བདེ་ཁང་གི“བྱམས་སེམས་ཅན་གྱི་ཨ་མ”ཞིག་ཏུ་གྱུར།

    “བྱམས་སེམས་ཅན་གྱི་ཨ་མ”ཞིག་བྱས་ནས་ལོ་བརྒྱད་ལ་ཉེ་བའི་རིང་། ཐོག་མར་ལས་ཀ་དེར་རྒྱུས་མངའ་མེད་སྟབས་བྱ་དཀའ་བྱེད་གཏད་དུ་གྱུར་པ་དང་དངངས་འཚབ་དང་ཞེད་སྣང་སྐྱེས་ནའང་། ད་ཆ་གཤིས་རྒྱུད་འཇམ་ཞིང་བརྩེ་སེམས་ཀྱིས་ཁེངས་པའི་ཨ་མ་ཞིག་ཏུ་གྱུར་ཞིང་། ཕྲུ་གུ་ཚོ་དང་འབྲེལ་འདྲིས་བྱེད་རིང་དྲོ་སྐྱིད་དང་སྤྲོ་སྣང་གིས་ཁེངས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།