དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྲངས་གནས་གཉིས་འཕར་རྒྱུ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-12


    འདི་ནི་ཟླ་5ཚེས་9ཉིན་ཧྲན་ཏུང་གྲུ་ཁའི་ཆིང་ཏའོ་གྲུ་ཁར་ཕྱི་ཕྱོགས་ཚོང་དོན་གྱི་དོས་སྒམ་འདོན་འཇུག་བྱེད་བཞིན་པ། (མི་མེད་གནམ་གྲུས་པར་བརྒྱབ)

    འགག་སྒོ་ལས་ཁུངས་སྤྱི་ཁྱབ་ཧྲུའུ་ཡིས་ཟླ་5ཚེས་9ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་16.23ཟིན་པ་དེ་དུས་མཚུངས་ལས་14.9%འཕར་བ་དང་། རིམ་རྩིས་བརྒྱབ་ན་འཕར་ཚད་དེ་དུས་ཚིགས་དང་པོ་དང་གཞི་རྩའི་ཆ་ནས་མཚུངས་ཤིང་། དེའི་ནང་ཟླ་བ་བཞི་པ་ཁོ་ནར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་4.38ཟིན་པ་དེ་དུས་མཚུངས་ལས་14.2%འཕར་ནས་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་5མགྱོགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།