དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རིག་གནས་ཀྱི་ཀྲུང་གོ ཆུ་ཤོ་གཟུགས་ཁང་བུམ་པ”ཀྲུང་གོའི་གླུ་དབྱངས་འགྲན་བསྡུར་ཆེན་པོའི་ཕ་ཁི་སི་ཐན་འགྲན་ཁུལ་གྱི་མཐའ་བསྡུར་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-12

    ཀྲུང་གོ་དང་ཕ་ཁི་སི་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར། 2026ལོའི“རིག་གནས་ཀྱི་ཀྲུང་གོ ཆུ་ཤོ་གཟུགས་ཁང་བུམ་པ”ཀྲུང་གོའི་གླུ་དབྱངས་འགྲན་བསྡུར་ཆེན་པོའི་ཕ་ཁི་སི་ཐན་འགྲན་ཁུལ་གྱི་མཐའ་བསྡུར་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོ་རུ་གཉེར་ཞིང་། ད་ཐེངས་ཀྱི་འགྲན་བསྡུར་དེ་ཕ་ཁི་སི་ཐན་དུ་གཉེར་ཐེངས་དང་པོ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ནི་ཕ་ཁི་སི་ཐན་ཀྲུང་གོ་རིག་གནས་ལྟེ་གནས་དང་ཕ་ཁི་སི་ཐན་རྒྱ་ཡིག་སློབ་གསོ་མཐུན་ཚོགས་ཀྱིས་མཉམ་དུ་གཉེར་ཞིང་། བདམས་ཐོན་པ་32ཀྱིས་ན་ཆུང་ཚོགས་ཆུང་དང་གཞོན་ནུ་ཚོགས་ཆུང་གི་བསྐྱར་འགྲན་ནང་ཞུགས་པ་དང་། མཐར་ཚོགས་ཆུང་གཉིས་ཀའི་མདུན་གྲལ་གྱི་མི་བཞི་པོ་ཁྱོན་བསྡོམས་བདམས་ཐོན་པ་8གོ་ལ་ཧྲིལ་པོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ལ་ཞུགས་རྒྱུའི་ཐོབ་ཐང་རག་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།