“ཀྲུང་གོས་ལྗང་མདོག་འཕེལ་རྒྱས་ཀྱི་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཡོད”
—— ཨེ་ཅིབ་ཀྱི་གནམ་གཤིས་དང་ཁོར་ཡུག་གི་རིགས་གཅིག་མཁས་ཅན་ཨཱ་ལཱ་མུའུ་ལ་བཅར་འདྲི་བྱས་པ།
ཉེ་ཆར། ཨེ་ཅིབ་ཀྱི་གནམ་གཤིས་དང་ཁོར་ཡུག་གི་རིགས་གཅིག་མཁས་ཅན་མཱ་ཀེ་ཏི·ཨཱ་ལཱ་མུའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ཤིང་འཛུགས་ནགས་བཟོ་དང་། སྐྱེ་ཁམས་སླར་གསོ། ལྗང་མདོག་ལག་རྩལ་བཀོལ་སྤྱོད་སོགས་ཀྱི་ཐད་ཀྲུང་གོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། དེས་ང་ཚོར་རྩ་ཆེའི་མིག་དཔེ་མཁོ་འདོན་བྱས་ཡོད”ཅེས་བརྗོད།
ཨཱ་ལཱ་མུའུ་དེ་སྔོན་ཀྲུང་གོར་རྟོག་ཞིབ་སྤེལ་རེས་བྱེད་པར་ཐེངས་མང་ཡོང་མྱོང་ཡོད། ཁོང་གིས། གཞི་ཁྱོན་ཆེན་པོའི་སྒོ་ནས་ཤིང་འཛུགས་ནགས་བཟོ་བྱས་ཏེ། ཀྲུང་གོས་ནགས་ཚལ་ཁྱབ་ཚད་མངོན་གསལ་དོད་པོས་ཆེ་རུ་བཏང་ནས། ཐཱན་འབུད་ཉུང་གཏོང་ལ་སྐུལ་འདེད་དང་གོ་ལ་ཧྲིལ་པོའི་ཐཱན་ཚད་སྙོམས་སྦྱོར་གྱི་དམིགས་ཚད་མངོན་འགྱུར་ལ་རམ་འདེགས་བྱེད་པར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བརྗོད། “གོ་ལ་ཧྲིལ་པོར་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་དྲག་པོ་འཕྲད་བཞིན་ཡོད་པས། རྒྱལ་ཁབ་སུ་ཞིག་ཡིན་རུང་སྣང་མེད་དུ་འཇོག་མི་རུང་། དེར་ང་ཚོས་བྱ་ཐབས་གཉིས་ལ་བརྟེན་ནས་ཁ་གཏད་གཅོག་དགོས་ཏེ། གཅིག་ནི་དྲོད་ཁང་རླངས་གཟུགས་ཕྱིར་འབུད་ཉུང་གཏོང་ངམ་ཡང་ན་ཐཱན་འདུས་མང་དུ་གཏོང་རྒྱུ་དེ་དང་། གཅིག་ཤོས་ནི་སྲིད་ཇུས་ལེགས་སྒྲིག་བྱས་ཏེ་འབྱུང་འགྱུར་ཛ་དྲག་ཏུ་འགྲོ་སྲིད་པའི་གནམ་གཤིས་འགྱུར་ལྡོག་དང་བསྟུན་དགོས་ཤིང་། དེའི་ནང་དེ་ལས་ཐོན་སྲིད་པའི་སྤྱི་པའི་བདེ་ཐང་ཉེན་ཁའང་ཚུད་ཡོད”ཅེས་ཨཱ་ལཱ་མུའུ་ཡིས་བརྗོད།
“སྐྱེ་ཁམས་ཁོར་ཡུག་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། སྐྱེ་ཁམས་འཛུགས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བ་ནི་བླང་དོར་གྱི་འབྲེལ་བ་མིན་པར། དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱེད་དགོས”ཞེས་ཨཱ་ལཱ་མུའུ་ཡིས་བརྗོད།
“ཀྲུང་གོས་ལྗང་མདོག་འཕེལ་རྒྱས་ཀྱི་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཡོད”ཨཱ་ལཱ་མུའུ་ཡིས། མཁའ་རླུང་སྦགས་བཙོག་བཅོས་སྐྱོང་ཐད། ཨེ་ཅིབ་ཀྱིས་ཀྲུང་གོའི་ཇུས་གཞི་དཔྱད་གཞིར་འཛིན་ཞིང་ནང་འདྲེན་བྱས་ཡོད། ཞིང་ལས་བེད་མེད་དངོས་ཟོག་ཐོན་ཁུངས་ཅན་གྱི་བེད་སྤྱོད་དང་། སྐྱེ་དངོས་འབར་རླངས་ལག་རྩལ། རྫབ་རླངས་བཀོལ་སྤྱོད་སོགས་ཀྱི་ཀྲུང་གོའི་ཉམས་མྱོང་དང་བྱ་ཐབས། དེ་བཞིན་ཀྲུང་གོས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཆེད་འབད་བརྩོན་བྱས་པ་ཚང་མ་བསྔགས་བརྗོད་དང་སློབ་སྦྱོང་བྱེད་རིན་ཡོད་ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཨེ་ཅིབ་ཀྱིས་པུན་པན་འོད་ཤུགས་ཐོན་ལས་གླིང་དང་སུའུ་དབྱི་ཧྲི་མཚོ་ཁུག་རླུང་གློག་སོགས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་རྣམ་གྲངས་ཆེ་གྲས་མང་པོ་འཛུགས་སྐྲུན་བྱས་ནས། ལྗང་མདོག་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཨཱ་ལཱ་མུའུ་ཡིས“ཨེ་ཅིབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་ཁྱབ་ཁོངས་སུ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་མཉམ་ལས་རྒྱུན་མཐུད་བྱེད་བཞིན་ཡོད་པ་དང་། དེས་ཨེ་ཅིབ་ཀྱིས་ནུས་རྒྱུ་གཙང་མའི་ལག་རྩལ་ཁྱབ་གདལ་དང་ནུས་རྒྱུའི་སྒྲིག་གཞི་ཕྱོགས་སྒྱུར་ཇེ་མགྱོགས་སུ་གཏོང་བར་རམ་འདེགས་བྱེད་བཞིན་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོའི་སྒྲིག་ཆས་རྒྱུན་མཐུད་ནང་འདྲེན་བྱས་ཏེ། གཞོན་ནུ་ཚོར་ཀྲུང་གོ་ཕྱོགས་ཀྱི་ལག་རྩལ་དང་ཉམས་མྱོང་སློབ་སྦྱོང་བྱེད་པར་སྐུལ་མ་བཏང་ནས། རྒྱལ་ཁབ་གཉིས་པོའི་ལག་རྩལ་སྤེལ་རེས་དང་ཤེས་བྱ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།