“ཀྲུང་གོའི་ཁེ་ལས་ཀྱིས་ང་ཚོར་འཁལ་འཐག་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་རོགས་བྱས་བྱུང”

འདི་ནི་ལུའུ་ཝང་ཁུ་ལུ་མ་ཏ་ཀ་སི་ཁའི་བཟོ་གྲྭར་བུད་མེད་འཁལ་འཐག་ལས་མི་ཞིག་གིས་ལག་སྒུལ་འཕྲེད་འཁོར་བཀོལ་སྤྱོད་བྱེད་བཞིན་པ།
མ་ཏ་ཀ་སི་ཁར་གྱི་རྒྱལ་ས་ཐ་ན་ན་རི་ཝོ་ལྷོ་འདབས་ཀྱི་ཁྲལ་ཆག་བཟོ་ལས་གླིང་ཁུལ་དུ་དེང་རབས་ཅན་གྱི་འཁལ་འཐག་བཟོ་གྲྭ་5ཡོད། དེའི་ནང་གི་བཟོ་གྲྭ་གཅིག་ཏུ་སྐྱོད་སྐབས་ལས་མི་ཚོས་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད་ཅིང་། སྤུས་ལེགས་ཁུ་ལུའི་ཐོན་རྫས་རེ་རེ་འདི་ནས་ཁྲོམ་རར་འདོན་གྱི་ཡོད།
འཁལ་འཐག་ནི་མ་ཏ་ཀ་སི་ཁར་གྱི་བཟོ་སྐྲུན་ལས་རིགས་ནང་གི་ལས་ཞུགས་མི་འབོར་མང་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། 1997ལོ་ཚུན་དུ། ནང་སོག་ལུའུ་ཝང་ཁུ་ལུ་ཚད་ཡོད་ཀུང་སིས(གཤམ་དུ“ལུའུ་ཝང་ཁུ་ལུ”ཞེས་བསྡུ་རྒྱུ)མ་ཏ་ཀ་སི་ཁར་དུ་ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ས་གནས་དེ་གར་དེང་རབས་ཅན་གྱི་བཟོ་གྲྭ་5བསྐྲུན་པ་དང་། རང་འགུལ་ཅན་གྱི་གློག་ཀླད་བསླས་འཐག་འཕྲུལ་འཁོར་252དང་ལྷན་སྦྱར་ཐོན་སྐྱེད་སྒྲིག་ཆས་ཆ་ཚང་3070སྒྲིག་སྦྱོར་བྱས་པས། ལོ་ལྟར་ཁུ་ལུའི་ཐོན་རྫས་སྣ་ཚོགས་ཁྲི་200ལྷག་ཙམ་ཐོན་སྐྱེད་བྱེད་ཐུབ་པ་མ་ཟད། ལོ་རེའི་ཕྱིར་གཏོང་ཚོང་ཟོག་རྩིས་སྤྲོད་རིན་ཐང་ཨ་སྒོར་དུང་ཕྱུར་1ཟིན་གྱི་ཡོད་པ་རེད།
ཐོན་སྐྱེད་འཁོར་ཁང་དུ། གསར་འགོད་པར་སྒྲིག་ཆས་ཞིབ་དཔྱད་ཚད་ལེན་བྱེད་བཞིན་པའི་ཐོན་སྐྱེད་ལས་རོགས་ཨེར་ཝེ·ལི་ཅ་ལི་ཝེ་ལོ་འཕྲད་ཅིང་། ཁོང་གིས“འདི་གར་ལས་ཀ་བྱས་རྗེས་ང་ལ་ཡོང་འབབ་བརྟན་པོ་རག་པ་མ་ཟད། ནང་མི་ཡང་འཚོ་བ་དེ་བས་ཡག་པོ་སྐྱེལ་རྒྱུ་བྱུང” ངའི་གཅེན་གཅུང་གསུམ་པོ་བཟོ་གྲྭའི་ནང་གི་ལས་གནས་མི་འདྲ་བའི་ཐོག་ལས་ཀ་བྱས་ནས་འཁལ་འཐག་རྩལ་ནུས་སྣ་ཚོགས་སྦྱོང་བཞིན་ཡོད་ཅེས་བརྗོད་པ་རེད།
“མིག་སྔར་བཟོ་གྲྭའི་ནང་ལི་ཅ་ལི་ཝེ་ལོ་དང་འདྲ་བའི་ནང་མི་ཚང་མ་བཟོ་གྲྭར་ལས་ཀ་བྱེད་བཞིན་པའི་ཁྱིམ་ཚང་200ལྷག་ཙམ་ཡོད”ཅེས་བཟོ་གྲྭའི་མི་ཤུགས་ཐོན་ཁུངས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེན་ཧུའེ་རན་གྱིས་བརྗོད་པ་དང་། ཁོང་གིས། བཟོ་གྲྭ་བཙུགས་ཚུན། བཟོ་གྲྭས་རིམ་རྩིས་བརྒྱབ་ན་འཕྲེད་འཁོར་ལས་མི་དང་། ལག་འཚེམ་ལས་མི། ཆུ་འཁྲུད་ལས་མི། འཕྲུལ་འཚེམ་ལས་མི་སོགས་འཁལ་འཐག་མི་སྣ་ཁྲི་2ལྷག་ཙམ་གསོ་སྐྱོང་བྱས་ཤིང་། “ལ་ལ་བཟོ་གྲྭའི་དོ་དམ་ལས་གནས་སུ་གོ་གནས་འཕར་བ་དང་། ལ་ལ་འཁལ་འཐག་ཁེ་ལས་གཞན་དག་གི་རྐང་འཛིན་པར་གྱུར་ནས་ས་གནས་དེ་གའི་འཁལ་འཐག་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་བཏོན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
“ཀྲུང་མ་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཁྲོད་ནས་ང་ཚོར་ཕན་པ་ཐོབ་བྱུང་ལ། ང་ཚོས་ཀྱང་ས་གནས་དེ་གའི་སྤྱི་ཚོགས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ནས་ས་གནས་དེ་གའི་འཕེལ་རྒྱས་ལ་རམ་འདེགས་བྱེད་བཞིན་ཡོད”ཅེས་ལུའུ་ཝང་ཁུ་ལུ་ཀུང་སི་མ་ཏ་ཀ་སི་ཁར་བཟོ་གྲྭའི་སྤྱི་ཁྱབ་ཅིང་ལི་ཞ་ཡུང་ཧའེ་ཡིས་བརྗོད་པ་དང་། ཁོང་གིས། 2020ལོར་ལུའུ་ཝང་ཁུ་ལུ་ཀུང་སིས་བཟོ་གྲྭ་གནས་སའི་གླིང་ཁུལ་གྱི་སྨན་རྫས་བཟོ་གྲྭ་སྒྲིག་བཟོ་སྒྱུར་བཀོད་བྱས་པ་མ་ཟད། དེ་རིན་མེད་ངང་ས་གནས་དེ་གའི་སྲིད་གཞུང་ལ་སྤྲད་ཡོད། ད་ཆ། བཟོ་གྲྭས་ཁྱབ་ཚུལ་རྣམ་པའི་ཁང་ཐོག་འོད་ཤུགས་རྣམ་གྲངས་འཛུགས་སྐྲུན་བྱས་ནས་ཐོན་སྐྱེད་འཁོར་ཁང་དང་། ཟ་ཁང་། ཉལ་ཁང་། གཞུང་ལས་ཁང་བཅས་ཀྱི་ཁང་སྟེང་གི་འོད་ཤུགས་གློག་འདོན་མ་ལག་དང་ནུས་གསོག་གློག་འདོན་མ་ལག་སྒྲིག་སྦྱོར་བྱེད་རྩིས་ཡོད། “དེས་བཟོ་གྲྭའི་ཐོན་སྐྱེད་ལས་ཕྱོད་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་པ་མ་ཟད། གློག་ཤུགས་ལྷག་མ་ཡང་ཉེ་འཁོར་སྡེ་ཁུལ་གྱི་གྲོང་མིར་སྤྱོད་པར་མཁོ་འདོན་བྱེད་ཐུབ་ཀྱི་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།