དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལག་རྩལ་སྒྱུར་བཀོད་དང་སྒྲིག་ཆས་གསར་སྒྱུར་གྱི་དངུལ་བུན་རྒྱབ་སྐྱོར་ཁྱབ་ཁོངས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-12

     དངུལ་རྩའི་སྒྲིག་གཞིས་ཚན་རྩལ་གསར་གཏོད་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་གྱི་དངུལ་རྩའི་ཞབས་ཞུར་སྔར་བས་ཤུགས་སྣོན་རྒྱག་པར་སྐུལ་ལྕག་དང་ཁྲིད་སྟོན་བྱ་ཆེད། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག《ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་གཏོང་རྒྱ་ཆེ་རུ་བཏང་ནས་སྒྲིག་ཆས་གསར་སྒྱུར་ལ་སྔར་བས་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།

    བརྡ་ཐོའི་ནང་དངུལ་རྩའི་ཞབས་ཞུའི་ཚན་རྩལ་གསར་གཏོད་དང་སྒྲིག་ཆས་གསར་སྒྱུར་གྱི་ལྷུ་ཚིགས་གལ་ཆེན་ལ་དམིགས་ཏེ་ཕྲེང་འབྲེལ་ཧྲིལ་པོར་སྲིད་ཇུས་དང་བྱ་ཐབས་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། ཚན་རྩལ་གསར་གཏོད་དང་སྒྲིག་ཆས་གསར་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་ཆེ་རུ་བཏང་སྟེ། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་བའི་ཆུ་ཚད་ཅུང་མཐོ་བའི་དམངས་གཉེར་ཁེ་ལས་འབྲིང་ཆུང་དག་དངུལ་བུན་བསྐྱར་མའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཁྱབ་ཁོངས་སུ་འཇུག་པ་དང་། ལག་རྩལ་སྒྱུར་བཀོད་དང་སྒྲིག་ཆས་གསར་སྒྱུར་གྱི་དངུལ་བུན་རྒྱབ་སྐྱོར་ཁྱབ་ཁོངས་དེ་གློག་རྡུལ་ཆ་འཕྲིན་དང་། མི་ཐབས་རིག་ནུས། སྒྲིག་བཀོད་ཞིང་ལས། འཛད་སྤྱོད་ཚོང་ལས་སྒྲིག་བཀོད་སོགས་ཁྱབ་ཁོངས་14བར་ཆེ་རུ་གཏོང་དགོས་པ་བཏོན་ཡོད།

    བརྡ་ཐོས་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་མཐའ་འཁྱོངས་ཀྱིས“གསར་གཉིས”སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་། ཚན་རྩལ་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱེད་པ། ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་བསྐྱར་འཕར་སྲིད་ཇུས་ཀྱི་ནུས་པ་ཡག་པོ་འདོན་པ། སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་ཞབས་ཞུའི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་གྱི་ནུས་པ་དང་སྤུས་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན། གྲངས་འཛིན་ཅན་བཅས་ཀྱི་སྒྲིག་ཆས་ཁྱབ་གདལ་བེད་སྤྱོད་མགྱོགས་པོ་བྱེད་དགོས་པ་བཏོན་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།