དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བཞིས་བྱ་སྤྱོད་ཀྱི་ཇུས་གཞི་བཀྲམ་ནས་​མི་ཐབས་རིག་ནུས་དང་ནུས་རྒྱུའི་དབར་མཐུན་རྐྱེན་སྦྱོར་རེས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-12

    ཉེ་ཆར་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། བཟོ་འཕྲིན་པུའུ། རྒྱལ་ཁབ་གྲངས་གཞི་ཅུས་བཅས་དང་མཉམ་དུ《མི་ཐབས་རིག་ནུས་དང་ནུས་རྒྱུའི་དབར་མཐུན་རྐྱེན་སྦྱོར་རེས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་སྤྱོད་ཀྱི་ཇུས་གཞི》བཀྲམ་པ་རེད།

    མིག་སྔར། མི་ཐབས་རིག་ནུས་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་བྱེད་མགྱོགས་སུ་ཕྱིན་པ་དང་། རྩིས་ནུས་སྒྲིག་བཀོད་ཀྱི་གློག་སྤྱོད་ཚད་ཆེས་ཆེར་མང་དུ་སོང་བ། གློག་སྤྱོད་ཐེག་ཚད་ཐད་ཚགས་དམ་པ་དང་། རྒྱུན་མཐུད་ཆེ་བ། གློག་ནུས་ཀྱི་སྤུས་ཚད་ལ་ཚོར་བ་སྐྱེན་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་ནུས་རྒྱུ་མཁོ་སྤྲོད་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད་པ་རེད། དེ་དང་ཆབས་ཅིག་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་བསྡུར་གྲངས་མགྱོགས་མྱུར་མཐོ་རུ་ཕྱིན་ནས་གློག་དྲའི་བདེ་འཇགས་དང་བརྟན་པོའི་ངང་འཁོར་རྒྱུག་བྱེད་པར་འགྲན་སློང་དེ་བས་མང་བ་འཕྲད་ཡོད་པས་ནུས་རྒྱུ་གསར་པའི་ནུས་ཚད་སྔོན་དཔག་དང་གློག་དྲའི་རིག་ནུས་བཀོད་གཏོང་སོགས་ཐད་ཀྱི་མི་ཐབས་རིག་ནུས་ཀྱི་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་བྱེད་དགོས་ཀྱི་ཡོད།

    ནུས་རྒྱུས་མི་ཐབས་རིག་ནུས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་དང་། མི་ཐབས་རིག་ནུས་ཀྱིས་ནུས་རྒྱུའི་ཕྱོགས་སྒྱུར་ལ་མཐུན་རྐྱེན་སྦྱོར་རྒྱུ་གཙོ་རྐང་དུ་བཟུང་སྟེ། བྱ་སྤྱོད་ཀྱི་ཇུས་གཞིས་རྩིས་ནུས་སྒྲིག་བཀོད་ཀྱི་བདེ་འཇགས་དང་བློས་འགེལ་ཆོག་པའི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་དང་། རྩིས་ནུས་སྒྲིག་བཀོད་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད། རྩིས་ནུས་གློག་ཤུགས་ནུས་ཆེ་དང་གྲོན་ཆུང་ཡོང་བར་སྐུལ་འདེད། ནུས་རྒྱུའི་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་ཀྱི་རིན་ཐང་ཆེ་བའི་བཀོལ་སྤྱོད་ལྗོངས་རྣམ་སྒོ་དབྱེ། ནུས་རྒྱུའི་ཁྱབ་ཁོངས་ཀྱི་གྲངས་གཞིའི་རིན་ཐང་སྔོག་འདོན། ནུས་རྒྱུའི་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་གསར་གཏོད་བཅས་ལ་ཤུགས་སྣོན་རྒྱག་པར་དམིགས་ནས་གཙོ་གནད་ལས་འགན་ཁག་29བཀོད་སྒྲིག་བྱས་ཏེ་ནུས་རྒྱུ་དང་། རྩིས་ནུས། ལྗོངས་རྣམ། གྲངས་གཞི། དཔེ་དབྱིབས་སོགས་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་ཁག་ནུས་ཆེའི་མཐུན་སྦྱོར་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།

    བྱ་སྤྱོད་ཇུས་གཞིའི་ནང་། 2030ལོར་སླེབས་སྐབས་མི་ཐབས་རིག་ནུས་ཀྱི་རྩིས་ནུས་སྒྲིག་བཀོད་ལ་ནུས་རྒྱུ་གཙང་མ་མཁོ་སྤྲོད་འགན་ལེན་བྱེད་ནུས་དང་ནུས་རྒྱུའི་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་བཀོལ་སྤྱོད་ཆུ་ཚད་མཐོ་རུ་ཤུགས་ཆེན་འགྲོ་བའི་བརྩོན་ལེན་བྱ་རྒྱུ་བཏོན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།