ཡུན་ནན་པའོ་ཧྲན་གྱིས་ཀོག་ཧྥེ་མཛེས་ལྗོངས་སུ་བྱས་ནས་ནུས་ཤུགས་ཡོད་རྒུས་ཐོན་རྫས་རྩེ་གྲ་བཏོད་པ།
རྒྱལ་ཐོན་ཀོག་ཧྥེ་ཡི་རིན་ཐང་རིམ་བཞིན་མངོན་པ།

འདི་ནི་ལི་ཅིན་ཧོ་ཡིས་ཀོག་ཧྥེ་ལྡུམ་རའི་ནང་ཀོག་ཧྥེ་ཡི་འབྲས་བུ་འཐུ་བཞིན་པ།
ཡུན་ནན་ཞིང་ཆེན་པའོ་ཧྲན་གྲོང་ཁྱེར་ལུང་དབྱང་ཆུས་མང་ཁོན་དབྱིས་རིགས་ཏའེ་རིགས་ཤང་གི“ལམ་འགྲམ་གྱི་ཀོག་ཧྥེ་ཁང”ན་ནིང་ནས་བཟུང་སྐད་གྲགས་ཆོད་ཅིང་བྲེལ་བས་ཁེངས།
ཀོག་ཧྥེ་ཁང་ནི་ཀོག་ཧྥེ་ཁྲོམ་ར་ཞིག་དང་འདྲ། གཉེར་སྐྱོང་པ་དང་ཀོག་ཧྥེ་བཟོ་མཁན་གཅིག་ལྕོགས་ཡིན་པའི་ལི་ཅིན་ཧོ་ཡིས་སྒོར་3000བཏང་ནས་བྱ་གཡབ་བརྒྱབ་པས་ཉེ་འཁོར་གྱི་ཞིང་དུད་ཀྱིས་སྲེག་བཟས་དང་། བཏུང་བྱ་གྲང་མོ། ཁྱད་ལྡན་ཐོན་རྫས་བཅས་ཀྱི་ཁྲོམ་བཀྱག་བཏོན་པས་ལས་རྣམ་སྣ་ཚོགས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་རེད། འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་སྲོལ་དང་གོ་རིམ་ལྡན་པའི་ངང་གཉེར་སྐྱོང་ལ་ཁྲིད་སྟོན་བྱས་ཏེ་རླངས་འཁོར་འཇོག་ས་དང་སྤྱི་པའི་གསང་སྤྱོད་མང་དུ་བཏང་ནས་ཡུལ་སྐོར་བར་ཞབས་འདེགས་དེ་བས་ལེགས་པར་ཞུས་ཡོད།
ཡུལ་སྐོར་བའི་ཡིད་དབང་འཕྲོག་དོན་གང་ཡིན་ནམ། ལི་ཅིན་ཧོ་ཡིས་དབྱེ་ཞིབ་བྱས་པར། རང་ཉིད་ཀྱིས་བཏབ་པའི་ཀོག་ཧྥེའི་སྲན་མའི་བྲོ་བ་ཡག་པོ་ཡོད་པ་དང་དེ་བས་འགག་རྩ་ནི་ཀོག་ཧྥེའི་སྲན་མ་བཙོས་པའི་བརྒྱུད་རིམ་དེའི་རྐྱེན་གྱིས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ལི་ཅིན་ཧོ་ཡིས་ངས་ཀོག་ཧྥེ་མུའུ་བརྒྱ་ལས་བཏབ་མེད་མོད། འོན་ཀྱང་བཙོངས་པའི་ཐོན་འབོར་མུའུ་ཆིག་སྟོང་གིས་མི་ཚད་ཅེས་བཤད།
“ཀོག་ཧྥེ་ཧུའུ་གང་ལ་སྒོར་སུམ་ཅུ་བཞི་བཅུ་ཡིན་པས་ཉིན་རེར་ཡོང་འབབ་ཡག་པོ་རག་གི་འདུག”དེ་སྔོན་ལི་ཅིན་ཧོ་ཡིས་ཕག་པ་དང་སྦྲང་ནོར་བུ་གསོ་མྱོང་མོད། འོན་ཀྱང་ཀོག་ཧྥེ་ཁང་བཙུགས་ནས་ཡོང་འབབ་མང་པོ་རག་པ་ནི་ཞབས་ཞུར་བརྟེན་ནས་བྱུང་བ་རེད།
ཀོག་ཧྥེའི་སྲན་མ་འདེབས་མཁན་ཞིང་པའི་འདེབས་འཛུགས་དང་འཐུ་བའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་བྱ་ཆེད། པི་ཏུན་ཀོག་ཧྥེ་གཞིས་ཀའི་གཉེར་སྐྱོང་བ་ཀྲའོ་ཆིན་ཤང་ཞིང་ནང་དང་མུ་ཁར་བརྟག་དཔྱད་བྱེད་པར་ཡང་ཡང་འགྲོ་གི་ཡོད། “ཀོག་ཧྥེ་སྲན་མ་འདེབས་མཁན་ཞིང་པ་ཞིག་གིས་ཀོག་ཧྥེའི་སྲན་མའི་འབྲས་བུ་ཚང་མ་ཆེ་ཆུང་འདྲ་པོ་འདུག་པས་མཉམ་དུ་མ་བསྡུ་བའི་རྒྱུ་མཚན་གང་ཡིན་ནམ”ཞེས་དྲིས་པར་ཀྲའོ་ཆིན་ཤང་གིས“འབྲས་བུ་ལྗང་ཁུ་ཁ་བ་དང་། འབྲས་བུ་སེར་པོ་སྐྱུར་བ། འབྲས་བུ་དམར་པོ་མངར་མོ་རེད། ཚ་ལུ་མ་དང་འདྲ་བར་ཡག་པོ་སྨིན་ན་གཞི་ནས་མངར་མོ་ཡིན། གནས་ལུགས་དེ་དང་ཆ་རེད”ཅེས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ། སྲིད་གཞུང་གིས་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་མཁོ་འདོན་བྱས་ཏེ་པི་ཏུན་ཀོག་ཧྥེའི་གཞིས་ཀས་འགྲིམ་འགྲུལ་འགྲོ་གྲོན་རྩིས་ཞུ་བྱས་པ་མ་ཟད། ཀོག་ཧྥེ་སྲན་མ་འདེབས་མཁན་ཞིང་པར་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་ཡང་བྱས་པ་རེད།
འདེབས་འཛུགས་ལག་རྩལ་གྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ཚད་གཞི་དང་སྤུས་རྟགས་གཏོད་པར་ཤུགས་རྒྱག་པ། ཀོག་ཧྥེའི་ལས་རྣམ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་པའོ་ཧྲན་ཀོག་ཧྥེ་ཡི་རིན་ཐང་དེ་བས་མངོན་པར་བྱས་པ་དང་། ཐོན་ལས་སྤུས་རྟགས་ཅན་དང་ཁྱད་ལྡན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བཞིན་ཡོད་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་པའོ་ཧྲན་གྱི་ཀོག་ཧྥེ་རྩེ་གྲ་ཐོན་ཚད་10%ནས་75%བར་འཕར་བ་དང་ལས་སྣོན་ཞིབ་ཚགས་བྱེད་ཚད་30%ནས་90%བར་མང་དུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།