ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་ཁྲི་13ལྷག་ཙམ་བཏང་བ།

འདི་ནི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་X8037ཀྲེང་ཀྲོའུ་ཧྥུའུ་ཐན་འབབ་ཚུགས་ནས་ཐོན་བཞིན་པ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚོད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་9ཉིན་གྱི་ཆུ་ཚོད་10པར། འཇར་མན་གྱི་ཧན་པའོ་ལ་བཏང་བའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་X8037ཀྲུང་གོའི་ཀྲེང་ཀྲོའུ་ཧྥུའུ་ཐན་འབབ་ཚུགས་ནས་ཐོན་པ་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ལོ་རེ་བཞིན་རིམ་རྩིས་བརྒྱབ་ན། མེ་འཁོར་ཐེངས་ཁྲི་13ལྷག་ཙམ་བཏང་བ་དང་དབོར་འདྲེན་བྱས་པའི་དངོས་ཟོག་གི་རིན་ཐང་ཨ་སྒོར་དུང་ཕྱུར་5200ལྷག་ཙམ་ཟིན་གྱི་ཡོད་པ་རེད།
མིག་སྔར། ཀྲུང་གོའི་རྒྱལ་ཁོངས་སུ་གྲོང་ཁྱེར་129ལ་ཀྲུང་གོའི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་དང་། ཡོ་རོབ་ཀྱི་རྒྱལ་ཁབ་26གི་གྲོང་ཁྱེར་235དང་དེ་བཞིན་ཨེ་ཤེ་ཡའི་རྒྱལ་ཁབ་11གི་གྲོང་ཁྱེར་100ལྷག་ཙམ་ལ་ཤར་གཏོང་ཐུབ་པ་མ་ཟད། ཞབས་ཞུའི་ཁྱབ་ཁོངས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ཁྱབ་ཁོངས་ཡོངས་ལ་ཁྱབ་ཡོད་པ་རེད། ཀྲུང་གོའི་རྒྱལ་ཁོངས་སུ་ནུབ་དབུས་ཤར་བཅས་ལམ་ཆེན་གསུམ་གྲུབ་པ་དང་ཆུ་ཚོད་རེར་སྤྱི་ལེ་120ཟིན་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ལམ་ཐིག་93ཡོད་པ་རེད། རྒྱལ་ཁབ་ཕྱིར་བྱང་རྒྱུད་དང་། དབུས་རྒྱུད། ལྷོ་རྒྱུད་བཅས་ལམ་ཐིག་གསུམ་གྱི་སྣ་མང་མཉམ་གཤིབ་བགྲོད་ལམ་ཞིག་གྲུབ་པ་དང་དེའི་ནང་ལྷོ་རྒྱུད་ཀྱི་བགྲོད་ལམ་དུ་ཀྲུང་ཡོའི(ཨེ་ཤེ་ཡ)དུས་གཏན་མེ་འཁོར་རྒྱུན་རྣམ་ཅན་ཤར་གཏོང་མངོན་འགྱུར་བྱུང་བ་དང་སྐྱེལ་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་ཡོད་པ་རེད། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར། དུས་གཏན་མེ་འཁོར་219བཏང་བ་དེ་དུས་མཚུངས་ལས་55%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།