དབུ་ཤོག>གསར་འགྱུར།
  • “ལྔ་གཅིག”གུང་གསེང་རིང་གི་ས་མཐོའི་ལྕགས་ལམ་སྐྱེལ་འདྲེན་བདེ་བླག་ངང་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-12

    ཟླ་5ཚེས་6ཉིན་དུས་ཡུན་ཉིན་8ཀྱི་ས་མཐོའི་ལྕགས་ལམ་གྱི“ལྔ་གཅིག”གུང་གསེང་རིང་གི་སྐྱེལ་འདྲེན་བདེ་བླག་ངང་མཇུག་འགྲིལ་བ་རེད། དེའི་རིང་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་61.3སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་7.62%འཕར་བ་དང་དེའི་ནང་ཟླ་5ཚེས་1ཉིན་འགྲུལ་པ་མི་ཐེངས་ཁྲི་10.57སྐྱེལ་འདྲེན་བྱས་ཏེ་ས་མཐོའི་ལྕགས་ལམ་གྱི་ཉིན་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། རིམ་རྩིས་བརྒྱབ་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་70.14ཟིན་པ་དེ་དུས་མཚུངས་ལས་7%འཕར་ནས་འགྲུལ་པ་དང་དངོས་ཟོག་གཉིས་ཀ་སྐྱེལ་འདྲེན་བྱེད་ཚད་འཕར་བའི་རྣམ་པ་མངོན་ནས་གུང་གསེང་རིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ས་མཐོའི་ལྕགས་ལམ་གྱི་སྒུལ་ནུས་ཆེན་པོ་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།