དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་རང་སྐྱོང་ལྗོངས་ཀྱི་A4རིམ་པའི“སྙིགས་མེད་གྲོང་ཁྱེར”ལ་བདམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-12

     2025ལོར་ལྷ་ས་གྲོང་ཁྱེར་འདི་ཉིད་རང་སྐྱོང་ལྗོངས་ཀྱི་A4རིམ་པའི“སྙིགས་མེད་གྲོང་ཁྱེར”ལ་བདམས་པ་དེ་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་ཟོག་སྙིགས་བཅོས་སྐྱོང་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཕུགས་ཕན་ཅན་བཅས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས”གཏོད་པའི་དཔེ་དམག་གི་དམིགས་ཚད་ལ་དམ་པོར་དམིགས་ནས། “སྙིགས་མེད་གྲོང་ཁྱེར”བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ“1+8+3+X”ཡི་ལས་ཀའི་མ་ལག་བཙུགས་ནས“སྙིགས་མེད་གྲོང་ཁྱེར”བསྐྲུན་རྒྱུ་དེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ནང་བཅུག་ཡོད། 《“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》དང་། 《ཨར་སྐྲུན་གད་སྙིགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལག་བསྟར་ཞིབ་སྲོལ》 དེ་བཞིན《ཨར་སྐྲུན་གད་སྙིགས་ཀྱི་དོ་དམ་སྲོལ་ཡིག》སོགས་ལམ་ལུགས་ཀྱི་ཡིག་ཆ་བཏོན་ནས་ས་ཁོངས་ཡོངས་སུ“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།

    ལྗང་མདོག་ཕྱོགས་སྒྱུར་གྱི་སྒུལ་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཞིང་། ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་13བཏང་ནས་ལྗོངས་ཡོངས་ཀྱི་ཉེན་ཡོད་སྙིགས་རོ་དང་། འཚོ་བའི་གད་སྙིགས། ཨར་སྐྲུན་གད་སྙིགས་གཙང་སེལ་དང་བེད་སྤྱོད་གཞི་གཅིག་ཏུ་འདུས་པའི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བེད་སྤྱོད་གཙང་སེལ་གླིང་ཐོག་མ་དེ་བསྐྲུན་པ་དང་། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དང་སྟག་རྩེ་བཟོ་ལས་གླིང་སོགས་འཁོར་རྒྱུག་ཅན་གྱི་སྒྱུར་བཀོད་ལ་སྐུལ་འདེད་བཏང་ཞིང་། དེའི་ནང་ནས་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་རྒྱལ་ཁབ་རིམ་པའི“ཐཱན་མེད”གླིང་ཁུལ་འཛུགས་སྐྲུན་གྱི་མིང་ཐོ་ཁག་དང་པོའི་ནང་ཚུད་པ་རེད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས་102ཡོད་པ་དང་། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར་བཅས་ཀྱི་ལྗང་མདོག་བཟོ་གྲྭ་81སྐྱེད་སྲིང་བྱས་པས། ལྗང་མདོག་ཐོན་ལས་མ་ལག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད།

    ས་མཐོའི་ཞིང་འབྲོག་འཁོར་རྒྱུག་གི་ཁྱད་ཆོས་མངོན་གསལ་དོད་ཅིང་། མཐོ་གྲང་ཞིང་འབྲོག་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ། ལྷ་ས་གྲོང་ཁྱེར་གྱིས“འདེབས་གསོ་ཟུང་འབྲེལ་དང་ཞིང་འབྲོག་འཁོར་རྒྱུག”གི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ནུས་ལྡན་བཏོད་ནས་ཀྲུང་དབྱང་གི་མ་དངུལ་སྒོར་ཁྲི་5500བརྩོན་ལེན་བྱས་ཏེ། ཕྱུགས་རིགས་ཀྱི་ལྕི་བ་དང་བྱ་རིགས་ཀྱི་བྲུན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བའི་ལྕི་བ་དང་བྱ་བྲུན་གཙང་སེལ་སྒྲིག་བཀོད་ཀྱི་ལེ་ལག་ཆ་ཚང་ཚད་100%ཟིན་པ་དང་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་92%ཡན་བརྟན་པོར་ཟིན་ཡོད། ཆུ་ཤུར་རྫོང་དང་འདམ་གཞུང་རྫོང་གིས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཁས་ལེན་དཔང་འདོན་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། རྫས་ལུད་དང་ཞིང་སྨན་མང་དུ་མི་གཏོང་བའི་བྱ་སྤྱོད་ཏན་ཏིག་ངང་སྤེལ་ཏེ་འབྱུང་རྩ་ནས་ཞིང་ལས་ཀྱི་ཕྱིའི་སྦགས་བཙོག་ནུས་ལྡན་ངང་ཉུང་དུ་བཏང་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་བཅོས་སྐྱོང་བྱ་རྒྱུ་ཕྱོགས་ཡོངས་ལ་ཁྱབ་ཅིང་། གྲོང་ཁྱེར་ཡོངས་ཀྱི་སྡོད་གནས་ཁུལ་ཆུང་583གྱི་གད་སྙིགས་རིགས་དབྱེའི་སྒྲིག་བཀོད་ཁྱོན་ཡོངས་ལ་ཁྱབ་པ་དང་གྲོང་གསེབ་ཀྱི་གད་སྙིགས་བསྡུ་འདྲེན་བྱེད་ཚད་95%ལས་བརྒལ་ཡོད། འཚོ་བའི་གད་སྙིགས་མེར་སྲེག་གློག་ཁང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་འཁོར་རྒྱུག་བྱས་རྗེས་ཉིན་རེར་ཏུན་1500མེར་བསྲེགས་ནས་སྤྱིར་ན་ས་སྦས་གཏོང་མི་དགོས་པ་བྱུང་ཡོད།

    ཉེན་ཆེའི་སྙིགས་རོ་གཙང་སེལ་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་606ཚང་མས་སྨན་བཅོས་སྙིགས་རོ་བསྡུ་རུབ་གཙང་སེལ་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ཞ་ཉེའི་གློག་རྫས་དང་སྣུམ་སྙིགས་ཐོན་ཁུངས་ཚུར་བསྡུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། རང་སྐྱོང་ལྗོངས་ཉེན་ཆེའི་སྙིགས་རོ་གཙང་སེལ་ལྟེ་གནས་ཀྱི་དུས་ཐེངས་གཉིས་པའི་རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་པ། བོད་ལྗོངས་ཅེ་ཁུན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིའི་ལོར་སྣུམ་སྙིགས་ཏུན་ཁྲི་3གཙང་སེལ་བྱེད་པའི་ཕྱོགས་བསྡུས་བེད་སྤྱོད་རྣམ་གྲངས་སྤྱོད་འགོ་ཚུགས་པ་བཅས་རེད། མིག་སྔར་གྲོང་ཁྱེར་ཡོངས་སུ་ཉེན་ཡོད་སྙིགས་རོའི་གཉེར་སྐྱོང་ཆོག་འཐུས་ཚན་པ་6ཡོད་པ་དང་གཉེར་སྐྱོང་ཞིབ་མཆན་འགོད་ནུས་ལོ་རེར་ཏུན་ཁྲི་6.38ཟིན་ནས་ཉེན་ཡོད་སྙིགས་རོ་བདེ་འཇགས་ངང་གཙང་སེལ་བྱེད་པའི་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་རྣམ་པ་ཟབ་མོ་ཞིག་བཏོད་ཅིང་། ལྷ་ས་གྲོང་ཁྱེར་གྱིས་མཐོ་སློབ་དང་དེ་བཞིན་ཚན་རིག་ཞིབ་འཇུག་ཁང་དང་མཉམ་དུ་དམའ་གནོན་གསོ་རླུང་དཀོན་པའི་མེར་སྲེག་དང་ཐལ་རྡུལ་གཙང་སེལ་སོགས་ས་མཐོའི་སྙིགས་རོ་གཙང་སེལ་གྱི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱས་པ་དང་། ལྗོངས་ཡོངས་ཀྱི“སྙིགས་མེད་གྲོང་ཁྱེར”གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་ཐོག་མ་དེ་བསྐྲུན་ནས་རིམ་རྩིས་བརྒྱབ་ན“སྙིགས་མེད་ཕྲ་ཕུང”212བསྐྲུན་ནས་སྤྱི་ཚོགས་ཡོངས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་མྱུར་དུ་ཆགས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།