དུས་ཚིགས་དང་པོར་བོད་ཀྱི་ཡིད་རྟོན་དངུལ་བུན་བསྡོམས་འབོར་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པ།
མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་2026ལོའི་དུས་ཚིགས་དང་པོའི་བོད་ཀྱི་དངུལ་རྩའི་འཁོར་སྐྱོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་3པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་7484ཟིན་པ་དེ་དུས་མཚུངས་ལས་19.8%འཕར་བ་དང་དུས་ཚིགས་གསུམ་བསྟུད་མར་དངོས་སུ་འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6851ཟིན་པ་དེ་དུས་མཚུངས་ལས་4.9%འཕར་ནས་དུས་ཚིགས་ལྔ་བསྟུད་མར་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
ད་ལོ་ནས་བཟུང་། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཐེངས་གཅིག་རང་བཞིན་གྱི་ཡིད་རྟོན་སླར་གསོའི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས་བཟའ་བཏུང་དང་། རོལ་རྩེད། བདེ་སྡོད། ཕྱིར་སྐྱོད། ཉོ་སྒྲུབ། ཡུལ་སྐོར་བཅས་ཀྱི་འཛད་སྤྱོད་རྣམ་པ་ཆེན་པོ་དྲུག་ལ་དམ་པོར་དམིགས་ཏེ། དངུལ་རྩའི་སྒྲིག་གཞིས་དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་བར་མཛུབ་ཁྲིད་བྱས་པ་རེད། ཟླ་3པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་ཁྱིམ་དུད་ཀྱི་འཛད་སྤྱོད་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1274ཟིན་པ་དེ་དུས་མཚུངས་ལས་26.9%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།