གསར་དུ་བཟོ་བཅོས་བརྒྱབ་པའི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་གཅིག་སོང་ཚུན།
ས་གནས་ཁག་གིས“རྒྱལ་ཡོངས་ཀུན་སྒྲུབ”ཁྲི་68.2སྒྲུབ་གཉེར་བྱས་པ།
གསར་འགོད་པར་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། གསར་དུ་བཟོ་བཅོས་བརྒྱབ་པའི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་གཅིག་སོང་ཚུན། ས་གནས་ཁག་གིས“རྒྱལ་ཡོངས་ཀུན་སྒྲུབ”ཁྲི་68.2གཉེར་བ་དང་ས་ཆ་གཞན་ནས་ཡིག་ཚགས་ཁྲི་24.7དྲ་ཐོག་ནས་བཤེར་ཏེ་མང་ཚོགས་ཀྱིས་ས་ཆ་གཞན་དུ་སྒྲུབ་གཉེར་བྱེད་པའི་དགོས་མཁོ་བསྐངས་ཡོད། 2025ལོའི་ཟླ་5ཚེས་10ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》ལག་བསྟར་བྱས་ཏེ། གཉེན་སྒྲིག་ཐོ་འགོད་ལ་ས་ཁོངས་ཚོད་འཛིན་མེད་པར་བཟོས་ནས་གཉེན་སྒྲིག་ལག་ཁྱེར་ལེན་སྐབས་ཐེམ་ཐོ་མི་དགོས་པར་རྒྱལ་ཡོངས་ཀྱི་ས་གནས་ཁག་ཚང་མ་ནས་གཉེན་སྒྲིག་ཐོ་འགོད་བྱེད་ཐུབ་ཀྱི་ཡོད།
དམངས་སྲིད་སྡེ་ཚན་གྱིས་སྤྱི་བདེ་དང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་དང་འབྲེལ་གཏུག་རོགས་ལས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། སྡེ་ཚན་མཉམ་འགུལ་གྱི་ལམ་སྲོལ་བཙུགས་ནས་གཉེན་སྒྲིག་ཐོ་འགོད་དང་། བུ་བཙའི་ཐོ་འགོད། ཐེམ་ཐོ་དང་གཉེན་སྒྲིག་གནས་ཚུལ་གྱི་འགྱུར་ལྡོག བཟའ་ཚོའི་ཐེམ་ཐོ་བསྒྱུར་བ་སོགས་ཀྱི་དོན་གནད་མང་པོ“དོན་གནད་གཅིག”ལ་བསྡུ་སྒྲིལ་བྱས་ཡོད།
དུས་མཚུངས། ས་གནས་ཁག་གིས་སྲིད་དོན་ལས་སྟེགས་དང་སྡེ་ཚན་ལས་སྟེགས་དབར་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་སྲིད་དོན་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བར་མཛུབ་ཁྲིད་བྱས་ནས། གློག་རྡུལ་འཁྲོལ་འཛིན་དང་ལག་ཁྱེར་ཕན་ཚུན་ངོས་འཛིན་དང་དྲ་ཐོག་ཏུ་ཡུག་སྦྲེལ་རེ་ཞུ་བྱས་ཏེ་མང་ཚོགས་ཀྱིས་དོན་དག་སྒྲུབ་སྐབས་རེ་ཞུ་བྱེད་ཐེངས་གཅིག་ལ་སྒྲུབ་གཉེར་ཐུབ་པ་དང་། དཔྱད་གཞིའི་ཡིག་རིགས་ཀྱང་ཁག་10ལྷག་ཙམ་ནས་ཉུང་མཐར་ཡང་ཁག་3ལས་མི་དགོས་པའི་བར་ཉུང་དུ་ཕྱིན་པ་དང་སྒྲུབ་གཉེར་གྱི་དུས་ཚོད་ཐུང་ཤོས་ཉིན་དེ་རང་དུ་གཉེར་ཐུབ་ཀྱི་ཡོད།
གཉེན་སྒྲིག་དང་ཁྱིམ་ཚང་གི་ཟུར་ཁྲིད་ཞབས་ཞུ་ཕྱོཌ་ཡོངས་ནས་སྤེལ་ཞིང་། དམངས་སྲིད་པུས་ས་གནས་ཁག་ལ་གཉེན་སྒྲིག་དང་ཁྱིམ་ཚང་གི་ཟུར་ཁྲིད་ཁང་4747འཛུགས་པར་མཛུབ་ཁྲིད་བྱས་པས་རྫོང་རིམ་པ་ཡན་གྱི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་གཉེན་སྒྲིག་དང་ཁྱིམ་ཚང་གི་ཟུར་ཁྲིད་ཁང་ཕྱོགས་ཡོངས་ནས་ཁྱབ་ཡོད།
འབྲེལ་ཡོད་གསར་འགྱུར།