ཀྲུང་དབྱང་ལྟ་བཤེར་ཚོཌ་ཆུང་ལ་ཁོར་ཡུག་གི་གནད་དོན2ཐེར་འདོན་བྱས་འདུག
ཟླ་5ཚེས་10ཉིན། བོད་རང་སྐྱོང་ལྗོངས་ལ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་དྲུག་པས་སྒྲུབ་སྐུལ་བྱ་རྒྱུར་རྩིས་སྤྲད་པའི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གྱོད་གཞི་ཁག་དང་པོའི་གྱོད་གཞི་2འབྱོར་བ་དང་། དེ་གཉིས་ཀ་ཁ་པར་ནས་ཐེར་འདོན་བྱས་པ་ཡིན་པ་དང་། གཅིག་ནི་ལྷ་ས་གྲོང་ཁྱེར་དང་གཞན་དེ་ཉིང་ཁྲི་གྲོང་ཁྱེར་གྱི་ཡིན་པ་རེད།
ད་ཐེངས་སྒྲུབ་སྐུལ་བྱ་རྒྱུར་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ལས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་3ཡོད་པ་དང་། དེའི་ནང་རླུང་ཁམས་ཆེ་མོའི་སྦགས་བཙོག་གི་གནད་དོན་1དང་། འཛེར་སྒྲའི་གནད་དོན་1 ཟོག་སྙིགས་ཀྱི་གནད་དོན་1བཅས་ཡོད་པ་རེད།
དེ་ཉིན། གོང་གསལ་གྱི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ཚང་མ་འབྲེལ་ཡོད་གྲོང་ཁྱེར་ལ་སྒྲུབ་སྐུལ་བྱ་རྒྱུར་རྩིས་སྤྲད་པ་རེད།
ཟུར་མཆན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་དྲུག་པས་བོད་རང་སྐྱོང་ལྗོངས་ལ་སྒྲུབ་སྐུལ་བྱ་རྒྱུར་རྩིས་སྤྲད་པའི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གྱོད་གཞིའི་བསྡོམས་རྩིས་རེའུ་མིག (ཁག་དང་པོ)

འབྲེལ་ཡོད་གསར་འགྱུར།